རྐང་ཚས་ཞབས་ཞུའི་ལས་དོན་འཐུས་ཚང་དུ་བཏང་ཞིང་དགུན་ཁའི་ཡུལ་སྐོར་ཉམས་རོལ་མཐོར་འདེགས་སུ་བཏང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

དགུན་ཁའི་ཡུལ་སྐོར་ལས་དོན་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་འཁྱག་དར་གྱིས་བསྡམས་པའི་མཚོ་སྔོན་པོ་དང་ཁ་བས་གཡོགས་པའི་མདོ་ལ། དགུན་ཁར་མཚོ་བྱང་དུ་སྤྲོ་གསེང་བྱེད་པ་བརྗོད་དོན་བྱས་ཏེ། ཞིབ་ཚགས་ངང་རྩ་འཛུགས་བྱས་ཤིང་ཕྱོགས་བསྡུས་ངང་སྲིད་ཇུས་བཏོན་ནས་དགུན་ཁའི་ཡུལ་སྐོར་ཡོང་སྒོ་ཇེ་མཐོར་བཏང་ཞིང་ཡུལ་སྐོར་པའི་ཉམས་རོལ་མྱོང་བ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།

རྐང་ཚ་རྫོང་གིས་གསེེར་ཉའི་གཞིས་ཁྱིམ་ལྟེ་བ་བྱས་ཤིང་། གཉན་ཆེན་ཞལ་དཀར་རི་བོ་དང་ལྷ་མཚོ་ཁུག ཁེ་རམ་ཐང་། ཏཱ་ལའི་ཆུ་མིག་བཅས་རྨང་གཞི་བརྟེན་ཏེ། སྤུས་ལེགས་ཅན་གྱི་སྐྱེ་ཁམས་རྐང་ཐང་ལམ་ཐིག4( ཏཱ་ལའི་ཆུ་མིག་སྐྱེ་ཁམས་ཉམས་རོལ་ཁུལ། ཁེ་རམ་ཐང་མཛེས་ལྗོངས་ཁུལ། དུང་དཀར་རྦབ་ཆུ། དགོ་བའི་ཚན་རིག་ཁྱབ་གདལ་ཞིབ་འཇུག་རྟེན་གཞི་བཅས་དང)མཚོ་སྔོན་པོ་སྐོར་བའི་ལམ་ཐིག་ཐུང་གྲས2། ཉིན་གཅིག་ལ་བོད་མཁར་རྐང་ཚ་མྱུལ་བའི་སྤུས་ལེགས་ལམ་ཐིག་བཏོན། གསེར་ཉའི་གཞིས་ཁྱིམ་མཛེས་ལྗོངས་ཁུལ་དུ་ཁངས་དར་རྣམ་གྲངས་གཙོ་བོར་བཟུང་ནས་ལག་བསྟར་བྱས་ཡོད་པ་དང་། ཁངས་དར་གྱི་རྐོས་བཟོ་འགྲེམ་སྟོན་དང་གློག་སྣ་ཚོགས་ཀྱི་འགྲེམ་སྟོན་བཀོད་སྒྲིག་བྱས་ཡོད། ཏཱ་ལའི་ཆུ་མིག་སྐྱེ་ཁམས་ཉམས་རོལ་ཁུལ་དུ་དར་ཤུད་སོགས་རོལ་རྩལ་རྣམ་གྲངས་ཁ་སྣོན་བྱས་ཏེ་ཡུལ་སྐོར་ལས་རིགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་། 

རྐང་ཚ་རྫོང་གིས་བཟའ་བཏུང་དང་ཞག་འདུག་སོགས་ཡུལ་སྐོར་ལས་རིགས་མི་སྣར་དམིགས་ཏེ། ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ་རྫོང་ཡོངས་ནས་ཡུལ་སྐོར་འགྲེལ་བཤད་པས་འགྲན་སྡུར་ཆེན་མོ་སྤེལ་ནས་འགྲེལ་བཤད་པས་ནུས་པ་དང་ཞབས་ཞུའི་ཆུ་ཚད་ངེས་པ་དོན་གྱིས་མཐོར་འདེགས་སུ་བཏང་། ལས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཚོ་ཆུང་བཙུགས་ནས་ས་ཁོངས་གཙོ་བོའི་བདེ་འཇགས་ཐད་ཀྱི་མངོན་མེད་ཉེན་ཁ་གྲལ་བཤེར་བྱེད་པར་ཤུགས་བསྣན་པ་དང་འཕྲད་བསྟུན་ལས་དོན་སོ་སོའི་འགན་སྲུང་བྱ་བར་དམ་འཛིན་ལེགས་པོ་བྱས།

གཞན་ད་དུང་། ཁྲོམ་རའི་ཕྱིར་འཚོང་ནང་དུ་རིག་གནས་གསར་གཏོད་ཐོན་རྫས་རིགས8དང་རྣམ་པ20ལྷག་དང་། ཞིང་ཕྱུགས་ཐོན་རྫས་རིགས14། གཟུགས་འདས་ཤུལ་བཞག་གི་མི་རིགས་ཐོན་རྫས་རིགས10ལྷག་བཅུག་པ་དང་། “མིང་གྲགས་ཅན་གྱི་ཚོང་ཁང་ཆེན་མོ་བཅུ”ཡི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་ས་ཁོངས་ཀྱི་མིང་བྱང་བསྐྲུན།  མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཁང་ཉམས་རོལ་ལྟེ་གནས་དང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ། མིང་དུ་གྲགས་པའི་ཁྱད་ལྡན་ཐོན་རྫས་ཉམས་རོལ་ཁང་སོགས་སུ་མི་རིགས་དང་ཞིང་ཕྱུགས། རིག་གནས་གསར་གཏོད། གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཀྱི་ཐོན་རྫས་བཀོད་སྒྲིག་བྱས་ཡོད།  ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།