2025ལོར་མི་སྒེར་གྱི་རྒན་གསོའི་འཚོ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོ་རྒྱུ་རེད།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་རྒན་གསོའི་འགན་བཅོལ་ཟི་ཡི་འགན་ཁུར་མི་སྣས་ཉེ་སྔོན་བསྟན་དོན། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མི་སྒེར་གྱི་རྒན་གསོའི་འཚོ་དངུལ་གྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོས་ཏེ། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ཀྱི་འགུག་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང། ཆ་རྐྱེན་དང་འཚམ་པའི་མང་ཚོགས་སྔར་ལས་མང་པོ་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་བ། གསོག་འཇོག་ཇེ་མང་དུ་གཏོང་བ་བཅས་བྱས་ནས། རྒན་རྒོན་གྱི་འཚོ་བར་སྔར་ལས་འགན་སྲུང་ཡོད་པར་བྱེད་རྒྱུ་ཡིན་ཟེར།

མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་ནི་རང་རྒྱལ་གྱི་རིམ་པ་མང་པ་དང་སྲོག་ཤིང་མང་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པས། སྲིད་གཞུང་གིས་ཁྲལ་བསྡུའི་ཕན་བདེ་བསྐྲུན་པ་དང་། མི་སྒེར་རང་འདོད་ཀྱིས་ཞུགས་པ། མི་སྒེར་གྱི་སྤྲད་པ་ཚང་མ་གསོག་འཇོག་ཐུབ་པ་དང་ཁྲོམ་ར་ཅན་གྱི་འཁོར་རྒྱུག་སོགས་ཀྱི་ཁྱད་ཆོས་ལྡན། 2024ལོའི་ཟླ11པའི་ཟླ་མཇུག་བར། མི་བྱེ་བ་བདུན་དང་ས་ཡ་གཉིས་འབུམ་བདུན་དང་ཁྲི་དགུ་ཡིས་མི་སྒེར་གྱི་རྒན་གསོའི་འཚོ་དངུལ་གྱི་རྩིས་ཐེམ་ཐོ་འགོད་བྱས་ཡོད།

2024ལོའི་ཟླ12པའི་ཚེས15ཉིན་ནས་བཟུང་། མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ལམ་ལུགས་དེ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བས། ཀྲུང་གོའི་རྒྱལ་ནང་དུ་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ཡང་ན་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ངལ་རྩོལ་བ་ཚང་མ་ཟབ་ཞུགས་བྱེད་ཆོག རྒྱལ་བུན་དང་དམིགས་བསལ་གཏན་འཁེལ་བྱས་པའི་རྒན་གསོའི་གསོག་འཇོག སྟོན་གྲངས་ཐེབས་རྩ་བཅས་མི་སྒེར་གྱི་རྒན་གསོའི་འཚོ་དངུལ་ཐོན་རྫས་ཁྱབ་ཁོངས་སུ་བཞག་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།