མཚོ་སྔོན་གྱི་དམངས་ཤག4རྒྱལ་ཁབ་རིམ་པའི་ཡུལ་སྐོར་དམངས་ཤག་ཏུ་བདམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཝུའུ་ལན་རྫོང་ཝུའུ་ལན་མུའུ་ཧི་ཐའོ་ཧྥེང་ས་ཚིགས།

བསམ་གཏན་དམངས་ཤག

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས19ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་བསྒྲགས་ཡོང་བ་ལྟར་ན།  རྒྱལ་ཡོངས་ཡུལ་སྐོར་ཚད་ལྡན་ཅན་སྒྱུར་ལག་རྩལ་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཡུལ་སྐོར་དམངས་ཤག140ངོས་འཛིན་བྱས་པ་ཁྱབ་སྒྲོག་བྱས་ཤིང་། དེའི་ནང་ཀ་བ་རིམ་པའི་དམགས་ཤག60དང་། ཁ་པ་རིམ་པའི་དམངས་ཤག80བཅས་ཡོད་ལ།  མཚོ་སྔོན་གྱི་དམངས་ཤག་གཉིས་ཀ་བ་རིམ་པའི་དམངས་ཤག་ཏུ་བདམས་པ་དང་། གཞན་དམངས་ཤག་གཉིས་ཁ་པ་རིམ་པའི་ཡུལ་སྐོར་དམངས་ཤག་ལ་བདམས།

ཡུལ་ཤུལ་གཡུ་ཆུ་ཁ་རི་གྲོང་།

ཡ་ཡུན་དམངས་ཤག

ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཝུའུ་ལན་མུའུ་ཧི་ཐའོ་ཧྥེང་ས་ཚིགས(乌兰莫河驼峰驿站)དང་།  མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་ཁུལ་ཧོར་གྲོང་ན་སྟོན་འབྲེལ་འབྱུང་བསམ་གཏན་དམངས་ཤག(纳顿缘起·禅意民宿)གཉིས་ཀ་ཀ་བ་རིམ་པའི་ཡུལ་སྐོར་དམངས་ཤག་ལ་བདམས་པ་དང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཡུལ་ཤུལ་གཡུ་ཆུ་ཁ(益曲卡)རི་གྲོང་དང་མཚོ་ཤར་གྲོང་ཁྱེར་དམར་གཙང་གི་དམར་གཙང་ས་ཚིགས་ཡ་ཡུན(雅苑)དམངས་ཤག་གཉིས་ཁ་པ་རིམ་པའི་ཡུལ་སྐོར་དམངས་ཤག་ལ་བདམས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།