མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས9ཉིན། མཚོ་སྔོན་ཞིང་ཆེན་གངས་འཁྱགས་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ན་གོར་མོ་ཡན་ལག་འགྲན་ཚིགས་དང2024ལོ་ནས2025ལོའི་ན་གོར་མོ་གྲོང་ཁྱེར་གངས་འཁྱགས་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་མགོ་བརྩམས།
2024ལོར་ན་གོར་མོ་གྲོང་ཁྱེར་གྱིས་རང་བྱུང་གི་དགེ་མཚན་ཁྱད་པར་ཅན་དམ་འཛིན་དང་། མཐོ་སྒང་གི་གྲང་ངར་ཆེ་བའི་ལྷགས་རླུང་གིས་བཞེངས་ཤིང་གསོན་ཤུགས་ཀྱི་དཔལ་འབར་བའི་གངས་འཁྱགས་ཐོན་ལས་ཀྱི་ལྗོངས་རིས་ཤིག་མིག་མདུན་དུ་མངོན། གྲོང་ཁྱེར་དེ་དགུན་འཁྱགས་ཀྱི་དགེ་མཚན་བེད་སྤྱོད་ལེགས་པོ་བྱས་ཏེ། གངས་འཁྱགས་ལུས་རྩལ་དང་ཡུལ་སྐོར། དཔལ་འབྱོར་བཅས་མཉམ་འཕེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་གྱི་མི་མངོན་ནོར་མཛོད་སྔོག་འདོན་གཏིང་ཟབ་ཐོག “གངས་འཁྱགས་ཡུལ་སྐོར+”ཡི་རིག་གནས་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་ཤུགས་ཇུས་འགོད་བཟང་པོ་བྱས་ནས་གསར་གཏོད་སྣ་ཚོགས་བྱས། དེའི་ནང་ལིག་ཙི་འཚེའུ་སྐྱེ་ཁམས་རིག་གནས་སློབ་གསོ་རྟེན་གཞི་དེ་གངས་འཁྱགས་ལུས་རྩལ་ལ་དགའ་བ་རྣམས་ཀྱི་དགའ་ཚལ་དུ་གྱུར་ཡོད་པས། གངས་འཁྱགས་ལུས་རྩལ་ལ་དགའ་བ་རྣམས་དང་ཡུལ་སྐོར་ལྗོངས་གཟིགས་བྱེད་མཁན་རྣམས་ལ་རིག་གནས་ཀྱི་ནང་དོན་དང་ལུས་སེམས་ཀྱི་དགའ་བ་ཆེན་པོ་ཞིག་མྱོར་ཚོད་ཐུབ་པར་མ་ཟད། གངས་འཁྱགས་ལུས་རྩལ་དང་ཡུལ་སྐོར། དཔལ་འབྱོར་བཅས་མཉམ་སྤེལ་ལ་ཡང་སྐུལ་འདེད་ལེགས་པོ་བྱེད་ཐུབ། 2021ལོ་ནས་བཟུང་། ན་གོར་མོ་གྲོང་ཁྱེར་གྱིས་གངས་འཁྱགས་ལུས་རྩལ་འགྲན་ཚོགས་རྒྱུན་མཐུད་སྤེལ་བའི་མགོ་བརྩམས་ཤིང་། “བེད་མེད་ཀྱི་ཐོན་ཁུངས”དེ་རིག་གནས་ཡུལ་སྐོར་གྱི“དཔལ་འབྱོར་འཁོར་རྒྱུག”བྱེད་ས་ཞིག་ཏུ་བསྒྱུར་ཏེ། “གངས་འཁྱགས+ལུས་རྩལ+རིག་གནས+ཡུལ་སྐོར”བཅས་མཉམ་སྤེལ་གྱི་འཕེལ་སྟངས་གསར་པ་སེམས་ཞིབ་མོས་བཏོན་ནས་ས་ཁུལ་གྱི་ལྗོངས་གཟིགས་ལམ་ཐིག་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད།
ཤེས་གསལ་ལྟར་ན། ཐེངས་འདིའི་འགྲན་ཚོགས་སུ་ལུས་རྩལ་པ400ལྷག་ཞུགས་ཡོད་ཅིང་། དར་མའི་ཚན་ཆུང་ནང་གངས་འཁོར་མཐུད་རྒྱུག་དང་། དར་ཐོག་གཡོར་གྲུ། དར་ཐོག་ཐག་འཐེན་བཅས་ཡོད། ན་གཞོན་ཚན་ཆུང་ལ་དར་ཐོག་ཁ་ཏན་འཁོར་ལོ། དར་ཐོག་གཡོར་གྲུ་སོགས་ཡོད།