བོད་(སོག)ལུཊ་གསོ་རིག་གི་སྨན་རྫས་400ལྷག་སྨན་བཅོས་འགན་བཅོལ་ནང་བཅུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     2024ལོའི་ཟླ་12ཚེས་31ཉིན་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མི་རིགས་ཀྱི་སྨན་དང་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། བོད(སོག)ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་426སྨན་བཅོས་འགན་བཅོལ་ནང་བཅུག་ནས་བོད(སོག)ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་གི་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་བཏང་ཡོད་པ་རེད།

     དེ་དང་ཆབས་ཅིག སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་རིགས་ཀྱི་ནད་པར་སྤྱོད་པའི་སྨན་རྫས་ཀྱི་ཁེབས་ཚད་རང་བཞིན་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བོད(སོག)ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་73སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་རིགས་23གྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་བཅུག་པ་མ་ཟད། སྨན་རྫས་7གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི“ནད་གཉིས”སྨན་རྫས་དཀར་ཆག་ནང་ཁ་སྣོན་བྱས་ཡོད་པ་རེད།

     ཐེངས་འདིར་ལེགས་སྒྲིག་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་བོད(སོག)ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་ནང་ནས་སྨན་བཅོས་འགན་བཅོལ་དཀར་ཆག་ནང་ཚུད་པའི་སྨན་རྫས་རིགས་531དང་སྣ་ཁ་3200ཟིན་ཡོད་པས། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་དང་ལྷག་པར་དུ་གཞི་རིམ་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་མི་རིགས་ཀྱི་སྨན་རྫས་སྤྱོད་པའི་དགོས་མཁོ་ཆེས་ཆེར་སྐོང་ཐུབ་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།