རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1117པའི་གཏན་འཁེལ་ལྟར་ན། ཉར་གསོའི་འབྲེལ་བ་བཅད་རྗེས་གསོས་ཕྲུག་དང་ཉར་གསོ་བྱེད་མཁན་ཕ་མ་དང་དེ་བཞིན་གཉེན་ཚན་ཉེ་གྲས་གཞན་དག་བར་གྱི་ཁེ་དབང་དང་། འོས་འགན་གྱི་འབྲེལ་བ་རང་ཤུགས་སུ་མེད་པར་གྱུར་ཞིང་། ཕ་མ་ངོ་མ་དང་དེ་བཞིན་གཉེན་ཚན་གཉན་ཉེ་གཞན་དག་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་རང་ཤུགས་སུ་སླར་གསོ་བྱུང་ཡོད། འོན་ཀྱང་། ནར་སོན་པའི་གསོས་ཕྲུག་དང་ཕ་མ་ངོ་མ་དང་དེ་བཞིན་གཉེན་ཉེ་གཞན་དག་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་སླར་གསོ་བྱེད་མིན་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་ཆོག