ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་མ་དངུལ3%ཇེ་མཐོར་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཟླ1པའི་ཚེས1ཉིན་ནས་བཟུང2023ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་བ་དང་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་མཁན་ཁེ་ལས་དང་དོན་ལས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། སྤྱི་ཡོངས་ལེགས་སྒྲིག་ཆུ་ཚད་དེ2023ལོའི་ལས་འཁྱུར་ངལ་གསོ་པའི་ཟླ་རེར་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་གྱི3%ཡིན།

ཐེངས་འདིའི་ལེགས་སྒྲིག་བྱེད་སྐབས་བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག གཟིགས་སྐྱོང་འོས་འཚམ་བཅས་ཟུང་འབྲེལ་གྱི་ལེགས་སྒྲིག་བྱེད་ཐབས་མུ་མཐུད་སྤྱད་དེ་བཅད་གྲངས་ལེགས་སྒྲིག་བྱས་པ་ལས་སྤྱི་ཚོགས་དྲང་ལྡན་མཚོན་ཞིང་། ས་ཁུལ་གཅིག་གི་ལས་འཁྱུར་ངལ་གསོ་བྱེད་མཁན་སྣ་ཚོགས་ཀྱི་ལེགས་སྒྲིག་ཚད་གཞི་གཅིག་མཐུན་ཡོང་བ་དང་། འབྲེལ་མཐུད་ལེགས་སྒྲིག་བྱས་ནས“མང་འཇལ་མང་ཐོབ་”དང་“རིང་འཇལ་མང་ཐོབ”ཀྱི་སྐུལ་ལྕག་ལམ་སྲོལ་མཚོན་ནས། ལས་གནས་ཐོག་གི་གྲོན་དངུལ་མང་ཙམ་འཇལ་རྒྱུ་དང་ཡུན་རིང་འཇལ་མཁན་ལ་རྒན་གསོའི་དངུལ་མང་ཙམ་ཐོབ་ཐུབ་ལ་དེས་གཟིགས་སྐྱོང་འོས་འཚམ་བྱེད་པ་མཚོན་ཞིང་། གཙོ་བོ་ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོ་པ་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་པ་སོགས་ཚོགས་སྤྱིར་ལྟ་སྐྱོང་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།