སྡེ་ཁག་ཉེར་བཞི་ཡིས་མཉམ་འབྲེལ་སྒོས་ཡིག་ཆ་དཔར་འགྲེམ་བྱས་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཉེ་ལམ། དམངས་སྲིད་པུའུ་དང་། ཚོང་དོན་པུའུ་སོགས་སྡེ་ཁག་ཉེར་བཞི་ཡིས་མཉམ་འབྲེལ་སྒོས《རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས་རྒན་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་འགའ》དཔར་འགྲེམ་བྱས་ཏེ། རྒན་གསོའི་ཞབས་ཞུའི་ཐད་ཀྱི་སྦས་ཤུགས་སྔར་བས་ནུས་ལྡན་གྱིས་སྔོག་འདོན་བྱས་ཏེ། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོས་ནས་རྒན་པ་རྣམས་ཀྱི་རིམ་པ་མང་ལ་སྣ་མང་ཅན་དང་། རང་གཤིས་ཅན་བཅས་ཀྱི་ཞབས་ཞུའི་དགོས་མཁོ་སྐོང་དགོས།

རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་འོས་འཚམ་ཡོང་བར་སྐུལ་འདེད་གཏོང་བའི་ཐད། ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་སྔར་བས་རྒྱ་ཆེར་གཏོང་བ་དང་ལེགས་སྒྱུར་བྱས་ནས། བློ་རིག་ཅན་གྱི་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཟ་མ་ལས་རོགས་དང་། ལུས་པོ་འཁྲུད་རོགས་དང་། སྨན་པར་སྟོན་རོགས། གཙང་སྦྲ་བྱེད་རོགས། འགྲོ་རོགས་འདུག་རོགས་བཅས་བྱེད་པ་དང་། འཚམས་འདྲི་དང་བྱམས་སྐྱོང་སོགས་ཀྱི་ཞབས་ཞུ་མུ་མཐུད་དུ་སྤེལ་བ། རྫོང་ཁོངས་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་རྣམ་གྲངས་སྤེལ་བ། རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གསར་སྐྲུན་གྱི་ཚོད་ལྟའི་ལས་གཞི་སྤེལ་བ། རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི་འཛུགས་པ། རྒན་པའི་འཛད་སྤྱོད་ཐོན་རྫས་གྲོང་གསེབ་དུ་ཐོན་པར་རྒྱབ་སྐྱོར་བྱེད་པ། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་བ་དང་ལས་རྣམ་གསར་བ་རྒྱ་བསྐྱེད་པའི་ཐད། “བློ་རིག་རྒན་གསོ་ཁང་” འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་བྱེད་པ་དང་། “རྒན་གསོའི་ཞབས་ཞུའི་གློག་རྡུལ་དཔེ་རིས”གསར་སྤེལ་བྱེད་པ། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་ཆས་དང་ཐོན་རྫས་མཁོ་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པའི་ཐད། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཕན་ནུས་ལྡན་པའི་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་ཆས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། རྒན་པར་འཚམ་པའི་ལེགས་བསྒྱུར་བཅས་བྱེད་པ།  རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འགན་སྲུང་བྱེད་པར་ཤུགས་སྣོན་པའི་ཐད། ཆ་རྐྱེན་འཛོམས་པའི་ས་ཆས་རྒན་པ་རྣམས་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་བྱང་བུ་སྟེར་བ་དང་། རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒན་གསོའི་བདག་སྐྱོང་པའི་ནུས་པ་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན། །

 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།