ཚོང་ཁང་གི་བུ་ལོན་སུས་འཇལ་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན54པའི་གཏན་འཁེལ་ལྟར་ན། རང་བྱུང་མིས་བཟོ་འཚོང་ལས་རིགས་གཉེར་སྐྱོང་བྱེད་པར་ཁྲིམས་ལྟར་ཐོ་འགོད་བྱས་ན་སྒེར་གཉེར་བཟོ་འཚོང་དུད་ཁྱིམ་ཡིན་ཞིང་། སྒེར་གཉེར་བཟོ་འཚོང་དུད་ཁྱིམ་གྱིས་ཡིག་ཨང་བཙུགས་ཆོག

དོན་ཚན56པའི་ནང་ཚན1པོའི་གཏན་འཁེལ་ལྟར་ན། སྒེར་གཉེར་བཟོ་འཚོང་ཁྱིམ་དུད་ཀྱི་བུ་ལོན་རྣམས་སྒེར་གྱིས་གཉེར་སྐྱོང་བྱས་ན་སྒེར་གྱི་རྒྱུ་ནོར་གྱིས་འཇལ་འགན་འཁུར་བ་དང་། ཁྱིམ་ཚང་གིས་གཉེར་སྐྱོང་བྱས་ན་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་འགན་འཁུར་དགོས་ཤིང་། དེ་གཉིས་གསལ་པོར་འབྱེད་མི་ཐབས་ན་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་འགན་འཁུར་དགོས།

དོན་ཚན57པའི་གཏན་འཁེལ་ལྟར་ན། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་འོས་འགན་མི་བསྒྲུབ་པའམ་བསྒྲུབས་པའི་གན་རྒྱ་ཁ་ཆད་དང་མི་མཐུན་ན། མུ་མཐུད་དུ་ལག་བསྟར་བྱ་རྒྱུ་དང་། གྱོང་གུན་གསབ་ཚབ་བམ་ཡང་ན་གྱོང་གུན་སྐྱིན་ཚབ་སོགས་ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།