གཉེན་རྟེན་ཕྱིར་སློག་སྐབས་བཟའ་ཟླ་ཕྱོགས་གཉིས་ཀྱི་ཕ་མས་གཏུག་བཤེར་དོ་བདག་བྱས་ན་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གཉེན་སྒྲིག་ཁ་ཆད་ཀྱི་རྒྱུ་ནོར་རྩོད་གཞིའི་ཁྲོད། གཉེན་སྒྲིག་ཁ་ཆད་ཀྱི་ཕྱོགས་གཅིག་དང་དོན་དངོས་སུ་གཉེན་སྒྲིག་ལེགས་སྐྱེས་སྤྲད་པའི་ཕ་མ་དེ་ཐུན་མོང་གི་གཏུག་མཁན་བྱས་ཆོག གཉེན་སྒྲིག་ཁ་ཆད་ཀྱི་ཕྱོགས་གཞན་དེ་དང་དོན་དངོས་སུ་གཉེན་སྒྲིག་ལེགས་སྐྱེས་དང་ལེན་བྱས་པའི་ཕ་མ་དེ་ཐུན་མོང་གི་གཏུག་ཡུལ་བྱས་ཆོག གཉེན་འཐོར་རྩོད་གཞིའི་དམིགས་བྱ་གཙོ་བོ་ནི་གཉེན་སྒྲིག་གི་འབྲེལ་བ་མེད་པར་བཟོ་རྒྱུ་དེ་ཡིན་པས། གཉེན་སྒྲིག་ཕུད་པའི་མི་གཞན་དག་དོ་བདག་ཏུ་བརྩི་མི་རུང་བར་བསམ་གཞིགས་བྱས་པར་བརྟེན། གཉེན་འཐོར་རྩོད་གཞིའི་ནང་ཕྱོགས་གཅིག་གིས་གཉེན་རྟེན་ཕྱིར་སློག་བྱ་རྒྱུའི་ཞུ་གཏུག་བྱས་ཚེ་དོ་བདག་སྔར་བཞིན་ཁྱོ་ཤུག་ཕྱོགས་གཉིས་ཡིན་དགོས་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།