རྒྱ་མེན་མེ་ཏོག་སོགས་བཏབ་པའི་ནག་ཉེས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཁྲིམས་འགལ་ངང་དུག་རྫས་ཀྱི་རྒྱུ་ཆ་སྟེ་མེ་ཏོག་རྒྱ་མེན་དང་སོ་མ་ར་ཙ་སོགས་འདེབས་འཛུགས་བྱས་པ་སོགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་ཞིང་། རྒྱ་མེན་མེ་ཏོག་རྐང500མན་འདེབས་འཛུགས་བྱས་པ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཁོངས་སུ་གཏོགས་པས། བདེ་སྲུང་དོ་དམ་གྱི་ཆད་པ་ཕོག་སྲིད་པ་དང་རྐང500ཡན་འདེབས་འཛུགས་བྱས་ཚེ། ཉེས་གསོག་གི་ཁོངས་སུ་གཏོགས་ཏེ་ཉེས་དོན་གྱི་ཆད་པ་ཕོག་སྲིད། རྐང1ནས50བར་འདེབས་འཛུགས་བྱས་ཚེ། ཉེས་ཚབས་ཅུང་ཆུང་བའི་ཁོངས་སུ་གཏོགས་པས་ཉིན5མན་གྱི་བཀག་ཉར་རམ་ཡང་ན་སྒོར500མན་གྱི་དངུལ་ཆད་ཕོག་སྲིད།རྐང50ནས500བར་འདེབས་འཛུགས་བྱས་ཚེ། ཉིན10ཡན་ནས་ཉིན15མན་བརབཀག་ཉར་བྱེད་པར་མ་ཟད། ད་དུང་དངུལ་ཆད་སྒོར3000མན་གྱི་སྲིད་འཛིན་ཆད་པའང་གཅད་རྒྱུ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།