གནས་ཚུལ་ག་འདྲའི་འོག་སྡེ་ལས་གྲོན་དངུལ་མ་སྤྲད་ན་ཆོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

སྤྱིར་བཏང་དུ་བཤད་ན་གནས་ཚུལ་འདི5པོས་སྡེ་ལས་གྲོན་དངུལ་མ་སྤྲད་ན་ཆོག་སྟེ།

གཅིག ཁང་པའི་སྤུས་ཚད་གནད་དོན་གྱི་དབང་གིས་ཁང་པ་སྤྲད་མེད་པའི་རྐྱེན་གྱིས་སྡེ་ལས་གྲོན་དངུལ་ནི་གསར་སྤེལ་ཚོང་པས་འཇལ་དགོས་རིགས།

གཉིས། སྡེ་ལས་ཀུང་སིས་སྡེ་ལས་གན་རྒྱའི་ཞབས་ཕྱིའི་འགན་འཁྲི་ལག་བསྟར་མ་བྱས་ན། ཁང་བདག་ཡོངས་ཀྱིས་མ་སྤྲད་ན་ཆོག་མོད། འོན་ཀྱང་བདེན་དཔང་ནུས་ལྡན་ཡོད་དགོས།

གསུམ། སྡེ་ལས་ཀུང་སིས་མཁོ་འདོན་བྱས་པའི་ཞབས་ཕྱིའི་སྤུས་ཚད་དེ་སྡེ་ལས་གན་རྒྱའི་ནང་ཁ་ཆད་བཞག་པའི་ཚད་གཞི་ལྟར་སྒྲུབ་མི་ཐུབ་པ།

བཞི། སྡེ་ལས་ཀུང་སིར་དངོས་ཟོག་གི་རིན་གོང་དོ་དམ་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་ཡིག་ཆའི་མ་ཡིག་མེད་པ།

ལྔ། སྡེ་ལས་ཀུང་སིས་རང་དགར་འཕར་སྣོན་བྱས་པའི་གྲོན་བསྡུའི་རྣམ་གྲངས་དང་གྲོན་བསྡུའི་ཁྱབ་ཁོངས་རྒྱ་སྐྱེད། གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་པའི་རིགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།