རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང་》གི་དོན་ཚན1033པའི་ཚན་པ5པ་དང6པའི་གཏན་འཁེལ་ལྟར་ན། ཁེ་དབང་འཛིན་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་དང་མི་སུ་ཞིག་གང་གིས་ཀྱང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།
གཅིག མི་གཞན་གྱི་གསང་བའི་ཆ་འཕྲིན་དངོས།
གཉིས། བྱེད་སྟངས་གཞན་དག་ལ་བརྟེན་ནས་མི་གཞན་གྱི་གསང་དོན་ཁེ་དབང་ལ་གནོད་འཚེ་བཏང་བ། མི་སྒེར་གྱི་ཆ་འཕྲིན་ཚང་མ་གསང་བའི་ཆ་འཕྲིན་རིགས་སུ་མི་གཏོགས། མི་སྒེར་གྱི་ཆ་འཕྲིན་ཁ་ཤས་རང་བྱུང་མིའི་སྒེར་གྱི་འཚོ་བའི་གསང་བ་དང་འབྲེལ་བ་མེད་པར་མ་ཟད། ལ་ལ་ཞིག་ཚད་མཐོའི་ངང་ཡོངས་བསྒྲགས་བྱས་ཡོད་པས་གསང་བའི་ཆ་འཕྲིན་དུ་གཏོགས་པ་མིན། དཔེར་ན། རུས་མིང་དང་ཕོ་མོ། ཕ་ཡུལ་སོགས་ལྟ་བུའོ། ། སྒེར་གྱི་ཆ་འཕྲིན་ཞེས་པ་ནི་སྒེར་ཁོ་ནས་སྤྱོད་པ་ཞིག་སྟེ། དཔེར་ན། གཉེན་སྒྲིག་གི་གནས་ཚུལ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ། ཡིད་རྟོན་དཔྱད་ཡིག་གི་ཆ་འཕྲིན། གར་འགྲོ་འདི་འགྲོ་ལྟ་བུའོ། ། ཁེ་དབང་ཡོད་མཁན་གྱི་མོས་མཐུན་གསལ་པོ་མ་ཐོབ་པར་མི་གཞན་སུས་ཀྱང་བདག་པོའི་གསང་བའི་ཆ་འཕྲིན་ཐག་གཅོད་བྱས་མི་ཆོག དཔེར་ན། དངུལ་ཁང་གསང་གྲངས་དང་ཁ་པར་མཉེན་ཆསAPPསོགས་ལ་སྤྱོད་མཁན་གྱི་མོས་མཐུན་མ་ཐོབ་པ་ཡིན་ན་མི་སྒེར་སུས་ཀྱང་ཐེ་གཏོགས་བྱས་མི་ཆོག ཡང་གཅིག་བཤད་ན་མི་སྒེར་གྱི་གཟུགས་པོའི་རིང་ཚད་དང་། གཟུགས་པོའི་ལྗིད་ཚད། ཁྲག་ཤེད། ཤ་མདོག སྐྱེ་དངོས། ཕོ་མོ་སོགས་དང་། བདེ་ཐང་ཆ་འཕྲིན། རྒྱུ་ནོར་ཆ་འཕྲིན། ཁྱིམ་ཚང་ཆ་འཕྲིན། ཁ་པར་ཆ་འཕྲིན་སོགས་རུབ་བསྡུ་བྱས་མི་ཆོག
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།