ལྐོག་པར་བླངས་ན་ཁྲིམས་ཆད་ག་འདྲ་ཕོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན42པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཉིན5མན་གྱི་བཀག་ཉར་དང་དངུལ་ཆད་སྒོར500མན་གཅད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་ཉིན5ཡན་ནས་ཉིན10མན་བར་གྱི་བཀག་ཉར་དང་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ་སྟེ།

(གཅིག) འཇིགས་སྐུལ་འཕྲིན་ཡིག་འབྲི་བའམ་བྱེད་ཐབས་གཞན་ལ་བརྟེན་ནས་གཞན་གྱི་མི་ལུས་བདེ་འཇགས་ལ་འཇིགས་སྐུལ་བྱས་པའི་རིགས།

(གཉིས) མངོན་སུམ་འཛེམ་མེད་ཀྱིས་གཞན་ལ་བརྙས་བཅོས་བྱས་པའམ་དོན་དངོས་རྫུན་བཟོ་བྱས་ནས་གཞན་ལ་སྐུར་འདེབས་བྱས་པའི་རིགས།

(གསུམ) དོན་དངོས་རྫུན་བཟོ་བྱས་ནས་གཞན་ལ་སྙོན་འཛུགས་ཉེས་འགེལ་བྱས་ཏེ། གཞན་ལ་ཉེས་དོན་གྱི་བདའ་འདེད་དམ་བདེ་སྲུང་དོ་དམ་གྱི་ཆད་པ་ཕོག་རྒྱུའི་རེ་ངན་བཅངས་པའི་རིགས།

(བཞི) དཔང་པོ་དང་དེའི་གཉེན་ཉེར་འཇིགས་སྐུལ་དང་བརྙས་བཅོས། གཅར་རྡུང་ངམ་རྡུང་རྡེག་འཁོན་ལན་སློག་པའི་རིགས།

(ལྔ) འདོད་ལོག་ཆགས་སྲེད་དང་བརྙས་བཅོས། འཇིགས་སྐུལ་ལམ་ཆ་འཕྲིན་གཞན་དག་ཐེངས་མང་བསྐུར་ནས་གཞན་གྱི་རྒྱུན་ལྡན་གྱི་འཚོ་བར་བར་ཆད་བཟོས་པའི་རིགས།

(དྲུག) གཞན་གྱི་གསང་དོན་ལྐོག་ལྟ་དང་ལྐོག་པར་ལེན་པ། ལྐོག་ཉན། འགྲེམ་སྤེལ་བཅས་བྱས་པའི་རིགས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།