བཟའ་ཟླ་ཐུན་མོང་ལ་དབང་བའི་རྒྱུ་ནོར་གཞན་དག་གང་ལ་ངོས་འཛིན་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང>གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་འགྲེལ་བཤད(གཅིག)》ཀྱི་དོན་ཚན25པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་གཤམ་གསལ་གྱི་རྒྱུ་ནོར་དག་དམངས་དོན་ཁྲིམས་གཞུང་གི་དོན་ཚན1062པའི་ནང་གཏན་འཁེལ་བྱས་པའི་ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་གི་ཁོངས་སུ་གཏོགས་པ་སྟེ།

(གཅིག) ཕྱོགས་གཅིག་གིས་མི་སྒེར་གྱི་རྒྱུ་ནོར་མ་དངུལ་བཏང་ནས་ཐོབ་པའི་ཡོང་འབབ།

(གཉིས) ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་སྡོད་ཁང་གི་ཁ་གསབ་རོགས་དངུལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ།

(གསུམ) ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་གཞི་རྩའི་རྒན་གསོའི་འཚོ་དངུལ་དང་མ་རྩ་བརྡིབས་པའི་བཀོད་སྒྲིག་ཁ་གསབ་རོགས་དངུལ་བཅས་ཡིན་ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།