《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན939པ་དང་དོན་ཚན944པའི་གཏན་འཁེལ་ལྟར་ན། ཁང་བདག་གིས་སྡེ་ལས་དོ་དམ་གན་རྒྱ་བཞག་མེད་པ་དེ་རྒྱུ་མཚན་དུ་བྱས་ནས་སྡེ་ལས་དོ་དམ་གྱི་གྲོན་དངུལ་སྤྲོད་རྒྱུར་མ་འཐད་ན་མི་ཆོག རྒྱུ་མཚན་ནི་ཁང་བདག་གིས་དོན་དངོས་སུ་སྡེ་ལས་དོ་དམ་ཞབས་ཕྱི་ལོངས་སུ་སྤྱད་ཡོད་པར་མ་ཟད། ད་དུང་དེའི་རྐྱེན་གྱིས་ཁེ་ཕན་ཡང་ཐོབ་ཡོད་ཅིང་། ཁང་བདག་དང་སྡེ་ལས་དོ་དམ་ཀུང་སིའི་བར་དུ་སྡེ་ལས་དོ་དམ་འབྲེལ་བ་དངོས་སུ་གྲུབ་ཡོད།
དྲང་གཞག་གི་རྩ་དོན་ལ་གཞིགས་ན། སྡེ་ལས་དོ་དམ་ཀུང་སིས་དྲོད་རླངས་མཁོ་འདོན་ཞབས་ཕྱིའི་སྐྱོན་ཆ་ཕྲན་བུ་ཡོད་པའི་ཆ་ཤས་ལ་དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་སྤྲོད་མི་དགོས་ཏེ། ཁ་བཤད་དོན་ལ་གནས་པའི་རྩ་དོན་ལ་གཞིགས་ན། ཁང་བདག་གིས་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གྲོན་བསྡུའི་ཚད་གཞིའམ་ཡང་ན་རིགས་མཐུན་སྡེ་ལས་ཞབས་ཕྱིའི་རྣམ་གྲངས་ཀྱི་གྲོན་བསྡུའི་ཚད་གཞི་གཞིར་བཟུང་སྟེ། དེ་མཚུངས་ཀྱི་དྲོད་རླངས་མཁོ་འདོན་གྱི་གྲོན་དངུལ་ངེས་པར་སྤྲད་དགོས་པའི་དཔྱད་མཚམས་གཏང་དགོས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།