བྱ་སྤྱོད་འདིའི་རིགས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་སུ་བརྩི་དགོས། མགོ་གཡོག་མགོ་སྐོར་གྱི་ནག་ཉེས་ཞེས་པ་ནི་ཁྲིམས་འགལ་ངང་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས་དོན་དངོས་རྫུན་བཟོ་དང་ཡང་ན་གནས་ཚུལ་ངོ་མ་སྦ་གསང་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རྒྱུ་དངོས་ཀྱི་བདག་པོའམ་བདག་གཉེར་དོ་དམ་པས་བདེན་པར་བཟུང་ནས་གཞུང་སྒེར་གྱི་རྒྱུ་ནོར་གྲངས་འབོར་ཆེ་ཙམ་གཡོ་ལེན་བྱས་པའི་བྱ་སྤྱོད་ལ་ཟེར། རང་རྒྱལ 《ཉེས་ཁྲིམས》ཀྱི་དོན་ཚན266པའི་ནང་གཏན་འཁེལ་ལྟར་ན། གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱས་པའི་གྲངས་འབོར་ཅུང་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་པར་མ་ཟད། ད་དུང་དངུལ་ཆད་ཀྱང་གཅད་རྒྱུའམ་ཡང་ན་དངུལ་ཆད་གཅིག་པུ་གཅད་རྒྱུ། གྲངས་འབོར་ཆེ་བའམ་ནག་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅོད་པའམ་དངུལ་ཆད་ཀྱང་གཅད་རྒྱུ། གྲངས་འབོར་དེ་ལས་ཆེ་བའམ་ཉེས་ཚབས་དེ་ལས་ཀྱང་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅད་པར་མ་ཟད། ད་དུང་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅད་རྒྱུ་ཞེས་བཀོད་ཡོད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།