ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ཁ་ཆེམས་ནང་དོན་དང་འགལ་རྐྱེན་བྱུང་ན་ཇི་ལྟར་ཐག་གཅད་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཤུལ་འཇོག་མཁན་ཚེ་ལས་མ་འདས་གོང་མི་གཞན་དང་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་བཞག་ཡོད་པ་དང་སྦྲགས། ཁ་ཆེམས་ཀྱང་བཞག་ཡོད་ན་ཤུལ་འཛིན་བྱེད་མགོ་བརྩམས་རྗེས། གལ་ཏེ་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ཁ་ཆེམས་དང་འགལ་བ་མེད་ན། ཤུལ་བཞག་རྒྱུ་དངོས་རྣམས་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་དང་ཁ་ཆེམས་ལྟར་ཐག་གཅོད་བྱ་རྒྱུ།     གལ་ཏེ་དེ་དང་འགལ་བ་ཡོད་ཚེ་ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་ལྟར་ཐག་གཅད་རྒྱུ་དང་། ཤུལ་འབུལ་གསོ་སྐྱོང་གི་གྲོས་མཐུན་དང་འགལ་བའི་ཁ་ཆེམས་ཚང་མའམ་ཆ་ཤས་ནུས་མེད་ཡིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།