ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་སྤྱིར་ན་གཤམ་གསལ་གྱི་ཁྱད་ཆོས་ལྡན་དགོས་པ་སྟེ། (1) རྩ་འཛུགས་ཀྱི་གྲུབ་ཚུལ་ཅུང་དམ་ཟབ་ཡིན་པ་དང་མི་གྲངས་ཅུང་མང་བ། སྒྲིག་འཛུགས་བྱེད་མཁན་དང་མགོ་ཁྲིད་བྱེད་མཁན་ཅུང་གསལ་པོ་ཡིན་པ། རྐང་འཛིན་ཁོངས་མི་གཞི་རྩའི་ཆ་ནས་གཏན་འཇགས་ཡིན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཅུང་ནན་མོ་ཡིན་པ། (2) ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོའམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ་དང་དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ལྡན་པ། (3) ལྐོག་རྔན་སྤྲོད་པ་དང་འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་བྱ་འགུལ་དུ་ཞུགས་རྒྱུར་བསླུ་བྲིད་དང་བཙན་སྐུལ་བྱས་པའམ་ཡང་ན་དེར་ཁྲིམས་འགལ་ངང་སྲུང་སྐྱོང་བྱེད་དུ་བཅུག་པ། (4) ས་ཁོངས་སམ་ལས་རིགས་ངེས་ཅན་ཞིག་གི་ནང་དྲག་ཤུགས་དང་འཇིགས་སྐུལ། བར་ཆད་བཟོ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བསྙད་འདོགས་རྒྱུ་འཕྲོག་དང་མགོ་སྐོར་གཏོང་བ། ཚོང་ར་བཙན་བཟུང་བྱེད་པ། ཚོགས་པ་བྱས་ནས་རྡུང་རེས་རྒྱག་པ། བསྙད་རྐོ་ཟིང་སློང་། བསམ་བཞིན་དུ་གནོད་འཚེ་བཟོ་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཏང་བ་བཅས་ཡིན།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།