མེ་གསོད་བགྲོད་ལམ་བཀག་ན་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན286པའི་གཏན་འཁེལ་ལྟར་ན།“ཁང་བདག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ།དེ་བཞིན་དོ་དམ་སྒྲིག་སྲོལ་བཅས་ལ་བརྩི་སྲུང་བྱ་དགོས་པ་དང་། ཁང་བདག་ཚོགས་ཆེན་དང་ཁང་བདག་ཨུ་ཡོན་ལྷན་ཁང་ལ་གད་སྙིགས་གང་འདོད་དུ་འཕངས་ནས་འབག་བཙོག་བཟོ་བ་དང་འཛེར་སྒྲ་གཏོང་བ། གཏན་འཁེལ་དང་འགལ་ནས་སྲོག་ཆགས་གསོ་བ། སྒྲིག་སྲོལ་དང་འགལ་ནས་འཛུགས་སྐྲུན་བྱེད་པ། བགྲོད་ལམ་བདག་བཟུང་བྱེད་པ། སྡེ་ལས་གྲོན་དངུལ་མི་སྤྲོད་པ་སོགས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ།དེ་བཞིན་དོ་དམ་སྒྲིག་སྲོལ་ལྟར་བྱ་སྤྱོད་སྤེལ་མཁན་ལ་གནོད་འཚེ་གཏོང་མཚམས་འཇོག་པ་དང་འགོག་རྐྱེན་སེལ་བ། ཉེན་ཁ་སེལ་བ། སྔར་གྱི་རྣམ་པ་སླར་གསོ། གྱོང་གུད་བཟོས་པ་བཅས་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་འདུན་ཞུ་དབང་ཡོད། བྱ་སྤྱོད་སྤེལ་མཁན་གྱིས་དེའི་འབྲེལ་ཡོད་འོས་འགན་མ་བསྒྲུབས་ན། འབྲེལ་ཡོད་དོ་བདག་པས་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཞུ་གཏུག་བྱས་ཆོག་པ་དང་། འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས” ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།