རང་ཉིད་དང་མི་གཞན་གྱི་བདེ་འཇགས་ཆེད་དུ་ཀུན་སྤྱོད་གཙང་མ་བསྲུང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་ཉིད་དང་མི་གཞན་གྱི་བདེ་འཇགས་ཆེད་དུ་ཀུན་གྱིས་ངེས་པར་གཤམ་གྱི་དོན་ཚན་བརྩི་དགོས་ཏེ།

1. ཐོན་སྐྱེད་ཚོང་གཉེར་སྡེ་ཁག་གིས་ཚོང་གཉེར་བྱེད་སྐབས། གང་འདོད་དུ་དངོས་པོ་རྩག་རྩིག་འཇོག་པ་དང་བགྲོད་ལམ་བདག་བཟུང་བྱས་ནས་ཚོང་གཉེར་བྱ་མི་རུང་ལ།    ལྷག་པར་བདེ་འཇགས་ལམ་འགོག་མི་རུང་།

2. སྡོད་དམངས་ཀྱིས་བར་ཁྱམས་སོགས་སུ་དངོས་པོ་སྤུང་མི་རུང་།

3. རླངས་འཁོར་བསྐོར་ནས་འགྲོ་འོང་བྱེད་སྐབས། མེ་གསོད་རླངས་འཁོར་གྱི་འགྲོ་ལམ་གང་འདོད་དུ་བདག་བཟུང་བྱ་མི་རུང་།

4. རྐུན་འགོག་སྒེའུ་ཁུང་ལས་སྐབས། ཁ་ཟུམ་མི་རུང་བར་བདེ་འཇགས་སྒོ་ལེགས་པོར་འཇོག་དགོས།    

5. ཉེ་འཁོར་གྱི་མེ་འགོག་སྒོ་ལ་སྐྱོན་ཤོར་བ་ཤེས་ཚེ་སྣང་མེད་དུ་འཇོག་མི་རུང་བར་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱ་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།