དབྱར་ཁར་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན།
ཆུ་ལ་རྐྱལ་མཁན་ཡང་ཇེ་མང་དུ་བྱིན་ཡོད་པས།
མི་རྣམས་ཆུར་ལྷུང་བའི་དོན་རྐྱེན་འབྱུང་སླ་ཞིང་འབྱུང་ཚད་ཀྱང་མང་།
དེ་བས་ཆུར་ལྷུང་བ་འགོག་པའི་བདེ་འཇགས་ཤེས་བྱ་འདི་དག་ངེས་པར་སེམས་ལ་འཛིན་དགོས།
གཅིག ཆུར་ལྷུང་བ་འགོག་པའི་ཐད་ཀྱི་བྱེད་མི་རུང་བ་དྲུག
1.རང་གཅིག་པུ་ཆུ་ལ་རྐྱལ་མི་རུང་།
2.རང་དགར་མི་གང་ཡིན་དང་མཉམ་དུ་ཆུ་ལ་རྐྱལ་མི་རུང་།
3.བདེ་འཇགས་སྒྲིག་བཀོད་མེད་པའི་ཆུ་ཁོངས་ནས་ཆུ་ལ་རྐྱལ་མི་རུང་།
4.བྱིས་པ་ཚོ་ཁྱིམ་བདག་གི་ལྟ་རྟོག་མེད་པའི་གནས་ཚུལ་འོག་ཆུ་ལ་རྐྱལ་མི་རུང་།
5.ཆ་རྒྱུས་མེད་པའི་ཆུ་ཁོངས་ནས་ཆུ་ལ་རྐྱལ་མི་རུང་།
6.རྨོངས་འཐོམ་སྒོས་མི་གཞན་སྐྱོབ་ཕྱིར་ཆུ་ནང་དུ་ལྡང་མི་རུང་།
གཉིས། ཆུར་ལྷུང་བའི་དོན་རྐྱེན་འབྱུང་སླ་བའི་ས་གནས།
1.ཕྱི་རོལ་དུ་རྩེད་མོར་སྐྱོད་སྐབས།
རྫིང་བུ་དང་ཆུ་མཛོད། ཆུ་ཕྲན། ཅུང་ཟབ་པའི་ཆུ་འཁྱིལ། ས་དོང་བརྐོས་མྱོང་བའི་ཆུ་ཁ། ཆུ་རྐྱལ་རྫིང་བུ། གྱེན་འཕྱུར་ཆུ་མིག སྤྱི་གླིང་གི་མཚེའུ། རྒྱ་མཚོའི་འགྲམ། ཆུ་རྩེད་བྱེད་ས་སོགས།
2.ཁྱིམ་གྱི་ཉེ་འཁོར།
སྡོད་ཁུལ་ནང་གི་རྫིང་བུ་དང་གྱེན་འཕྱུར་ཆུ་མིག་སོགས།
གསུམ། ཆུར་ལྷུང་བ་འགོག་པའི་གཙོ་གནད་བཞི།
①ཁྱིམ་བདག་གིས་རྣམ་ཀུན་བྱིས་པར་ལྟ་སྐྱོང་བྱས་ཏེ། རང་དགར་ཆུ་ལ་རྐྱལ་དུ་མི་འཇུག་པ།
②བྱིས་པར་ཆུ་རྩེད་བྱེད་དུ་མི་འཇུག་པ་དང་། ཆུ་གློ་བའི་ནང་སོང་སྟེ་དབུགས་ཆད་པར་སྔོན་འགོག་བྱེད་པ།
③ཆ་རྒྱུས་མེད་པ་དང་བདེ་འཇགས་སྒྲིག་བཀོད་མེད་པ། རོགས་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་ནས་ཆུ་ལ་མི་རྐྱལ་བ།
④རང་གི་རྐྱལ་རྩལ་དང་ཆུ་ནང་གི་གནས་ཚུལ་ལ་ཆ་རྒྱུས་མེད་པར་མི་གཞན་སྐྱོབ་ཆེད་ཆུ་ནང་ལ་མི་ལྡང་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།