ཕྲུ་གུ་གཅིག་ཅན་གྱིས་ཤུལ་ནོར་ཡོངས་ཚད་ཤུལ་འཛིན་བྱས་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

དེ་ནི་ཤུལ་འཛིན་བྱེད་པའི་ངེས་པ་མེད་དེ།

ཁྲིམས་བཀོད་ཤུལ་འཛིན་གྱི་གོ་རིམ་དང་པོ་ནི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཡིན་ཞིང་། གོ་རིམ་གཉིས་པ་ནི་གཅེན་གཅུང་མིང་སྲིང་དང་། སྤོ་བོ་རྨོ་བོ། གོ་རིམ་གཅིག་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱས་པའི་ཤུལ་དངོས་ཀྱི་ཐོབ་སྐལ་དེ་སྤྱིར་བཏང་དུ་ཆ་སྙོམས་ཡིན་དགོས།

དེར་བརྟེན། ཕ་མ་གཉིས་ཚེ་ལས་འདས་པ་དང་། སྤོ་བོ་དང་རྨོ་བོ་སྐུ་འཚོ་བཞུགས་ཡོད་ན། བུ་ཕྲུག་གཅིག་ཅན་གྱིས་སྤོ་བོ་དང་རྨོ་བོ་ལ་ཤུལ་ནོར་ཆ་སྙོམས་ཀྱིས་བགོ་བཤའ་བརྒྱག་དགོས། གལ་ཏེ་སྤོ་བོ་དང་རྨོ་བོ་ཚེ་ལས་འདས་རྗེས། དེའི་སྔོན་ལ་ཤུལ་འཛིན་བྱས་པའི་ཤུལ་ནོར་དེའི་བུ་ཕྲུག་གིས་ཤུལ་འཛིན་བྱས་ན། ཕྲུ་གུ་དེར་ཁྲིམས་བཀོད་ཤུལ་འཛིན་བྱེད་དབང་མེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།