པར་འདེབས་ཁ་ཆེམས་ལ་ཆ་རྐྱེན་གང་དག་ལྡན་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་མང་པོ་ཞིག་གིས་པར་འདེབས་ཀྱི་ལམ་ནས་ཁ་ཆེམས་འཇོག་མུས་ཡོད་ལ། དེས་ན་པར་འདེབས་ཁ་ཆེམས་ཇི་ལྟར་འཇོག་དགོས་ཤེ་ན།

པར་འདེབས་ཁ་ཆེམས་ཡི་གེ་ལ་དཔང་མི་གཉིས་ཡན་གྱི་བདེན་དཔང་ཡོད་དགོས་ལ། ཁ་ཆེམས་འཇོག་མཁན་དང་དཔང་མིས་ཁ་ཆེམས་ཡི་གེའི་ཤོག་ངོས་རེ་རེར་མིང་རྟགས་བཀོད་དེ་ལོ་ཟླ་ཚེས་གྲངས་གསལ་པོར་དགོད་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།