བཙན་གྱིས་གཉེན་སྒྲིག་བྱེད་དུ་བཅུག་ན་ནུས་པ་ཡོད་དམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་ཞེས་པ་ནི་གཉེན་སྒྲིག་འབྲེལ་བའི་དོ་བདག་ཕྱོགས་གཅིག་གམ་གཉེན་སྒྲིག་འབྲེལ་བ་ཕུད་པའི་ཕྱོགས་གསུམ་པས་གཉེན་སྒྲིག་རང་དབང་གི་རྩ་དོན་དང་འགལ་ཏེ། གཉེན་སྒྲིག་དོ་བདག་གི་འདོད་བློ་དང་འགལ་བའི་གནས་ཚུལ་འོག དེ་ཉིད་དམ་ཡང་ན་དེའི་གཉེན་ཉེའི་ཚེ་སྲོག་དང་ལུས་ཁམས་བདེ་ཐང་། མཚན་སྙན། རྒྱུ་ནོར་སོགས་ཀྱི་ཐད་ལ་གནོད་སྐྱོན་བཟོ་བར་འཇིགས་སྐུལ་བྱས་ཏེ་བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་ལ་ཟེར། ཕ་མས་བཙན་ཤེད་ཀྱིས་མི་གཞན་ལ་གཉེན་སྒྲིག་བྱེད་དུ་འཇུག་པ་ནི་བཙན་ཤེད་ཀྱིས་གཉེན་སྒྲིག་ཏུ་འཇུག་པའི་རིགས་ཤིག་ཡིན་ཞིང་། རང་རྒྱལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། བཙན་ཤེད་ཀྱིས་གཉེན་སྒྲིག་བྱེད་དུ་བཅུག་པ་དེ་རྩ་དོན་ལྟར་ན་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག གལ་ཏེ་ཕ་མས་བཙན་ཤེད་མ་བྱས་པར་གཞན་འགན་འཕྲོག་སྒྲུབ་ཀྱི་གཉེན་སྒྲིག་ཁོ་ན་བྱས་ཚེ། དོ་བདག་གིས་གཉེན་འཐོར་གྱི་རེ་བ་བཏོན་ཆོག

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1052པའི་གཏན་འཁེལ་ལྟར་ན། བཙན་ཤེད་ལ་བརྟེན་ནས་གཉེན་སྒྲིག་བྱས་པ་ཡིན་ན། བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག

གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ན། བཙན་ཤེད་ཀྱི་བྱ་སྤྱོད་སྤེལ་མཚམས་བཞག་པའི་ཉིན་ནས་བཟུང་བའི་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས།

མི་ལུས་ཀྱི་རང་དབང་ལ་ཁྲིམས་འགལ་གྱིས་ཚོད་འཛིན་བྱས་པའི་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ན། མི་ལུས་ཀྱི་རང་དབང་སླར་གསོ་བྱས་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།