མགོ་གཡོགས་ནས་ཡིད་རྟོན་བྱང་བུ་བསྒྲུབས་ན་ཇི་ལྟར་བྱ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རུས་མིང་ནི་སྤྱི་དམངས་སྒེར་དང་གཞན་གྱི་དབྱེ་བ་འབྱེད་པའི་མཚོན་རྟགས་དམིགས་བསལ་ཅན་ཞིག་ཡིན་ལ། རང་ཉིད་ཀྱི་མཚོན་རྟགས་ཡིན་པས་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས། ཐོབ་ཐང་དཔང་ཡིག་མི་གཞན་གྱིས་མགོ་གཡོག་ནས་ཡིད་རྟོན་བྱང་བུ་གཉེར་བ་ནི་དེའི་རུས་མིང་གི་བདག་དབང་རྐུ་སྤྱོད་བྱས་པའི་མཚོན་ཚུལ་ཞིག་ཡིན། བདག་དབང་གནོད་འཚེ་ཕོག་མཁན་གྱིས་བདག་དབང་གནོད་འཚེ་གཏོང་མཁན་ལ་གནོད་འཚེ་གཏོང་མཚམས་འཇོག་པ་དང་འགོག་རྐྱེན་སེལ་བ། མཚན་སྙན་སླར་གསོ། ཤུགས་རྐྱེན་སེལ་བ། དགོངས་དག་ཐུགས་བདེན་ཞུ་བ་བཅས་བྱ་དགོས་པའི་བླང་བྱ་བཏོན་ཆོག་པར་མ་ཟད། ད་དུང་རྐུ་སྤྱོད་བྱས་པ་ལས་བྱུང་བའི་གྱོང་གུན་གཞན་དག་སྐྱིན་ཚབ་སྤྲོད་དགོས་པའི་བླང་བྱའང་བཏོན་ཆོག

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1014པའི་གཏན་འཁེལ་ལྟར་ན། རྩ་འཛུགས་གང་དང་མི་སྒེར་སུས་ཀྱང་ཐེ་གཏོགས་དང་རྐུ་སྤྱོད། རྫུན་བཟོ་སོགས་ཀྱི་ཐབས་ལ་བརྟེན་ནས་གཞན་གྱི་རུས་མིང་གི་བདག་དབང་ངམ་མིང་གི་བདག་དབང་ལ་གནོད་འཚེ་བཏང་མི་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།