ཚེ་ཐག་རིང་བའི་སྐོར་གྱི་མན་ངག་ཆུང་ཆུང་འགའ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

སེམས་ཁམས་གསོ་བའི་ཁ་ཕྱོགས་འགྲིག་ན། ལུས་པོ་བདེ་ཐང་དང་ཚེ་ཐག་རིང་པོ་ཡོང་རྒྱུ་ནི་དེ་འདྲའི་དཀའ་མོ་མིན། གཤམ་ནས་ཚེ་ཐག་རིང་བར་ཕན་པའི་མན་ངག་ཆུང་ཆུང་འགའ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།

གཅིག བསམ་བློ་ཞིབ་མོ་གཏོང་བ། བསམ་བློ་ཞིབ་མོ་བཏང་ན་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་ལ། དེ་ནི་ཕྲ་ཕུང་རིམ་པའི་ཚེ་ཐག་རིང་བའི་མཚོན་རྟགས་ཤིག་རེད། ཉིན་རེར་སྐར་མ5ནས10བར་བསམ་བློ་ཞིབ་མོ་བཏང་ན་ཕན་འབྲས་ལེགས་པོ་ཐོན་ཐུབ་ལ།དེ་ལས་གཞན་ད་རུང་ནད་འགོག་རྒྱུད་རྒྱུ་ལ་སྐུལ་སློང་བྱས་ཏེ། གཉན་ཚད་ཇེ་ཉུང་དུ་གཏོང་ཐུབ།

གཉིས། ཆུ་མང་དུ་འཐུང་བ། ཆུ་མང་དུ་འཐུང་ན་ཁྲག་གི་འཁོར་རྒྱུག་ཇེ་བཟང་དུ་འགྲོ་བ་དང་། འཚོ་བཅུད་དངོས་པོ་ལུས་སྟེང་དུ་རྒྱུ་བ་དང་བེད་མེད་དངོས་པོ་ཕྱིར་གཏོང་བར་སྐུལ་འདེད་བཏང་ནས། སྙིང་དང་མཆིན་པ། མཁལ་མ་སོགས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད་རྒྱུན་ལྡན་ལྟར་འཁོར་སྐྱོད་ཡོང་བར་ཕན་ཐོགས་ཐུབ།

གསུམ། ཕྱི་རོལ་དུ་འགྲོ་བ། དུས་རྒྱུན་ཕྱི་རོལ་དུ་སོང་ནས་འགུལ་སྐྱོད་བྱས་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བར་མ་ཟད། སེམས་ཁམས་བདེ་ཐང་ཡོང་བ་དང་དྲན་པ་ཇེ་གསལ་དུ་འགྲོ་བར་ཕན་ཞིང་། རུས་པའི་བདེ་ཐང་ལའང་ཕན།

བཞི། ལུས་སྟོབས་སྦྱོང་བ། ཨ་མེ་རི་ཁའི་ཧ་ཧྥུའུ་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གཟའ་འཁོར་རེར་ཐེངས་གཉིས་ལ་ལུས་སྟོབས་སྦྱོང་བའི་བྱ་འགུལ་ནང་ཞུགས་པའི་རྒན་པའི་ཚེ་ལས་འདས་ཚད46%ཇེ་དམའ་རུ་འགྲོ་བ་རེད།

ལྔ། ལག་པ་བཀྲུ་བ། འདི་ནི་ཚེ་ཐག་རིང་བའི་གོམས་སྲོལ་ལས་ཆེས་སླ་མོ་དེ་རེད། ལག་པ་བཀྲུ་བ་ནི་སྲིན་འབུ་མེད་པར་བཟོ་བ་དང་། ནད་རིགས་སྔོན་འགོག ནད་རིགས་མི་གཞན་ལ་འགོ་བ་སྔོན་འགོག་བྱེད་པའི་ཐབས་ལམ་ཆེས་བཟང་པོ་ཞིག་རེད།

དྲུག ཞབས་བྲོ་འཁྲབ་པ། ཞབས་བྲོ་འཁྲབ་ན་ལུས་པོ་བདེ་ཐང་ཡོང་བར་ཕན་པ་མ་ཟད། སེམས་ཁམས་བདེ་ཐང་ཡོང་བའི་ཐད་ལའང་ནུས་པ་མི་དམན་པ་ཡོད། དེ་མིན་ད་རུང་ཞབས་བྲོ་འཁྲབ་ན་ཀླད་པའི་མཚོ་རྟའི་གཟིགས་ཀྱི་བྱེད་ནུས་ལེགས་སྒྱུར་བྱས་ཏེ། ཤེས་རྟོགས་ཀྱི་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ།

བདུན། ཇ་འཐུང་བ། ཇ་སྣོད་ཀྱི་ནང་དུ་འབྲས་སྐྲན་འགོག་པ་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན་པ་དང་། ཀླད་པར་རང་དབང་རྒྱུ་ཡི་གནོད་འཚེ་ཐེབས་པ་འགོག་ཐུབ་པ་མ་ཟད། རུས་པའི་བདེ་ཐང་ལའང་ཕན་འདོགས་ཐུབ། ཇ་འཐུང་ན་ད་རུང་སྙིང་གི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།

བརྒྱད། ཁ་ཚ་ཉུང་ཙམ་བཟའ་བ། པེ་ཅིན་སློབ་ཆེན་གྱི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན། ཁ་ཚ་བའི་ཟས་རིགས་ཉུང་ཙམ་ཟོས་ན་ཤི་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་བ་རེད། འདི་ནི་སུར་པན་ཁྲོད་ཀྱི་སུར་པན་གཞི་རྒྱུ་ཡིས་ཚེ་ཐག་རིང་བའི་ཐད་ནུས་པ་འདོན་སྤེལ་བྱས་པས་རེད།

དགུ། གྲོགས་པོ་སྒྲིག་པ། ཁེར་རྐྱང་གི་ཚོར་སྣང་དང་ནད་རིགས་བྱུང་བ་ནི་ཤི་ཚད་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་ཆེས་གལ་ཆེན་གཉིས་རེད། ཚེ་གང་བོར་སྤྱི་ཚོགས་ཀྱི་འབྲེལ་བ་ལེགས་པོ་རྒྱུན་སྲུང་བྱེད་རྒྱུ་ནི་ཚེ་ཐག་རིང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། རྒྱུན་དུ་གྲོགས་པོ་རྣམས་ལ་ཁ་པར་གཏོང་བའམ་ཡང་ན་ཁྱིམ་དུ་སོང་ནས་འཚམས་འདྲི་བྱེད་དགོས།

བཅུ། གདོང་ལ་འཛུམ་གྱིས་ཁེངས་པ། དབྱིན་ཇིའི་ལུན་ཏུན་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། གདོང་ལ་འཛུམ་གྱིས་ཁེངས་ན་ནང་ཧྥོལ་ཐིད་ཕྱིར་གཏོང་བྱས་ཏེ་ཁྲག་ཤེད་ཇེ་དམའ་དང་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པས། སྙིང་གི་བདེ་ཐང་ལ་ཕན་ཞིང་ནད་འགོག་ནུས་ཤུགས་ཇེ་དྲག་ཏུ་འགྲོ་བ་དང་། ཚེ་ཐག་རིང་བར་ཕན་པ་ཆེན་པོ་ལྡན་ནོ། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།