ངོ་གདོང་ཕྱེད་ཀའི་འདྲ་པར་ལ་བདག་དབང་ཡོད་དམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལྟར་ན། རང་བྱུང་མི་ལ་འདྲ་པར་གྱི་བདག་དབང་ཡོད་ལ། འདྲ་པར་ཞེས་པ་ནི་སྤྱི་དམངས་ཀྱི་ཕྱིའི་གཟུགས་བརྙན་དེ་རྣམ་པ་ངེས་ཅན་ཞིག་ལ་བརྟེན་ནས་ཕྱི་རོལ་ཡུལ་དུ་བསྐྱར་དུ་མངོན་པ་ལས་གྲུབ་པའི་བརྩམས་ཆོས་ལ་ཟེར། གལ་ཏེ་ངོ་གདོང་ཕྱེད་ཀས་མི་ཆེ་གེ་མོའི་ངོ་གདོང་གི་ཁྱད་ཆོས་མཚོན་ཐུབ་པ་སྟེ། སྤྱིར་བཏང་གི་མི་ཚང་མས་སུ་ཡིན་པ་ངོ་ཤེས་ཐུབ་པ་དང་ངོ་གདོང་ཕྱེད་ཀ་ལས་མངོན་མེད་ཀྱང་སྔར་བཞིན་འདྲ་པར་བསྐྱར་དུ་མངོན་པ་ཞིག་ཡིན་པར་བརྟེན། འདྲ་པར་གྱི་བདག་དབང་ལྡན་ཡོད། འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཏང་ན་བཅའ་ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དགོས།

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1019པའི་གཏན་འཁེལ་ལྟར་ན། རྩ་འཛུགས་གང་ངམ་མི་སྒེར་སུས་ཀྱང་དམའ་འབེབས་དང་ཉམས་ཆག་གཏོང་བའམ་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་སྤྱད་དེ་རྫུན་བཟོ་སོགས་ཀྱི་རྣམ་པས། གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཏང་མི་ཆོག འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་འདྲ་པར་བདག་དབང་བཟོ་བ་དང་བེད་སྤྱོད། ཁྱབ་བསྒྲགས་བཅས་བྱས་མི་ཆོག བཅའ་ཁྲིམས་ནང་ལོགས་སུ་གཏན་འཁེལ་བྱས་ཡོད་པ་ཕུད།

འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་མ་ཐོབ་པར་འདྲ་པར་བརྩམས་ཆོས་ཀྱི་བདག་དབང་འཛིན་མཁན་གྱིས་འགོད་པ་དང་འདྲ་བཟོ། འགྲེམ་སྤེལ། བོགས་མར་གཏོང་བ། འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་འདྲ་པར་བེད་སྤྱོད་དམ་ཁྱབ་བསྒྲགས་བྱས་མི་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།