(གཅིག) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་དེ་བཞིན་འབྲེལ་ཡོད་ནད་བརྟག་སྨན་བཅོས་ཚད་གཞི་གཞན་དག་གི་གཏན་འཁེལ་དང་འགལ་བའི་རིགས།
(གཉིས) རྩོད་གཞི་དང་འབྲེལ་བ་ཡོད་པའི་ནད་ཐོའི་ཡིག་རིགས་སྦས་སྐུང་ངམ་མཁོ་འདོན་མི་བྱེད་པ།
(གསུམ) ནད་ཐོའི་དཔྱད་ཡིག་བོར་བ་དང་རྫུན་བཟོ།
གཡོ་བཅོས་སམ་ཁྲིམས་འགལ་གྱིས་མེད་པར་བཟོས་པ། སྨན་རྫས་དང་དུག་སེལ་ཐོན་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་སྐྱོན་ཆ། ཚད་དང་མི་མཐུན་པའི་ཁྲག་གཤེར་བརྒྱབ་ནས་ནད་པར་གནོད་སྐྱོན་བཟོས་ན། ནད་པས་སྨན་རྫས་ཚོང་རར་བཏོན་ཆོག་པའི་འཁྲོལ་འཛིན་འཛིན་མཁན་དང་། ཐོན་སྐྱེད་བྱེད་མཁན། ཁྲག་མཁོ་སྤྲོད་བྱེད་མཁན་ལས་ཁུངས་བཅས་ལ་སྐྱིན་ཚབ་སྤྲད་དགོས་པའི་རེ་བ་ཞུས་ཆོག་ལ་སྨན་བཅོས་ལས་ཁུངས་ལ་སྐྱིན་ཚབ་སྤྲད་དགོས་པའི་རེ་བ་ཞུས་ཀྱང་ཆོག ནད་པས་སྨན་བཅོས་ལས་ཁུངས་ལ་སྐྱིན་ཚབ་སྤྲད་དགོས་པའི་རེ་བ་ཞུས་ན། སྨན་བཅོས་ལས་ཁུངས་ཀྱིས་སྐྱིན་ཚབ་འཇལ་རྗེས་ཁག་འགན་ཡོད་པའི་སྨན་རྫས་ཚོང་རར་བཏོན་ཆོག་པའི་འཁྲོལ་འཛིན་འཛིན་མཁན་དང་། ཐོན་སྐྱེད་བྱེད་མཁན། ཁྲག་མཁོ་འདོན་བྱེད་མཁན་བཅས་ཀྱི་ལས་ཁུངས་ལ་སྐྱིན་ཚབ་བདའ་འདེད་བྱེད་དབང་ཡོད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།