གཞུང་ལམ་བརྡིབས་ནས་རྨས་སྐྱོན་བཟོས་ན་སུས་འགན་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་བཅའ་ཁྲིམས་ཀྱིས་ས་ངོས་ཀྱི་བཟོ་སྐྲུན་པའི་འགན་འཁྲི་བགོ་སྐབས། ས་ངོས་སུ་བཟོ་སྐྲུན་བྱེད་སྐབས་བཟོས་པའི་གྱོང་གུན་དེ་བཟོ་སྐྲུན་པས་འགན་འཁུར་དགོས་ལ། བཟོ་སྐྲུན་པས་སྤྱི་པའི་འདུ་རའམ་གཞུང་ལམ་ཐོག་རྐོ་བ་དང་ཞིག་གསོ། ས་འོག་གི་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱེད་སྐབས་མཚོན་རྟགས་མངོན་གསལ་འཛུགས་དགོས་པ་དང་བདེ་སྲུང་བྱེད་ཐབས་སྤྱོད་དགོས། གལ་ཏེ་འབྲེལ་ཡོད་ཀྱི་བྱེད་ཐབས་མ་སྤྱད་པར་གཞན་ལ་གནོད་སྐྱོན་བཟོས་ན། བཟོ་སྐྲུན་པས་དབང་གནོད་འགན་འཁྲི་འཁུར་དགོས། སྤྱིར་བཏང་གི་གནས་ཚུལ་འོག་གཞུང་ལམ་སོགས་སྤྱི་པའི་སྒྲིག་བཀོད་ལོག་ནས་མི་ལ་གནོད་འཚེ་བཟོས་ན། འབྲེལ་ཡོད་བཟོ་སྐྲུན་བྱེད་མཁན་གྱིས་འགན་འཁྲི་འཁུར་དགོས།

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1258པའི་གཏན་འཁེལ་ལྟར་ན། སྤྱི་པའི་འདུ་རའམ་གཞུང་ལམ་ཐོག་རྐོ་བ་དང་ཞིག་གསོ། ས་འོག་གི་སྒྲིག་ཆས་སྒྲིག་སྦྱོར་སོགས་བྱས་ནས་གཞན་ལ་གནོད་སྐྱོན་བཟོས་ཤིང་། བཟོ་སྐྲུན་པས་མཚོན་རྟགས་མངོན་གསལ་བཙུགས་ཡོད་པ་དང་། བདེ་སྲུང་གི་བྱེད་ཐབས་སྤྱད་ཡོད་པ་ར་སྤྲོད་བྱེད་མི་ཐུབ་ཚེ་དབང་གནོད་འགན་འཁྲི་འཁུར་དགོས། ཁྲོན་པ་སོགས་ས་འོག་གི་སྒྲིག་བཀོད་ཀྱིས་གཞན་ལ་གནོད་སྐྱོན་བཟོས་པ་དང་། དོ་དམ་པས་དོ་དམ་གྱི་འགན་འཁྲི་བསྒྲུབས་པ་ར་སྤྲོད་བྱེད་མི་ཐུབ་ན་དབང་གནོད་འགན་འཁྲི་འཁུར་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།