​རྒྱུ་ལམ་བདེ་ཐང་ཡོང་བའི་ཐབས་ཤེས་ལྔ།

ཡོང་ཁུངས། བདེ་ཆེན་བོད་ཡིག་སྨྱན་སྦྱོར།

 

    གཅིག   ཆུ་ཁོལ་མང་ཙམ་འཐུང་དགོས། ཞོགས་པར་ཚྭའམ་ཆུ་དྲོན་མོ་ཕོར་བ་གང་རེ་འཐུང་ན་རྒྱུ་ལམ་གྱི་འགུལ་ནུས་ཇེ་ཆེར་འགྲོ་བར་ཕན་པ་ཡོད།     

    གཉིས། ཚི་སྣ་མང་བའི་ཟས་རིགས་མང་ཙམ་ཟ་དགོས་པ་སྟེ། དཔེར་ན་འབྲུ་རིགས་སྣ་ལྔའི་ཉིང་བཅུད་དང་སྔོ་ཚལ།  ཤིང་ཏོག་སོགས་ཟ་དགོས་པ་ལས་སྣུམ་འདུས་ཚད་ཅུང་མཐོ་བའི་ཟས་རིགས་ཉུང་ཙམ་ཟ་དགོས།  

     གསུམ།  རྒྱུ་མའི་ནང་ནས་འཇུ་སླ་ཞིང་ཕྱིར་འདེད་བྱེད་སླ་བའི་ཟས་རིགས་ཟ་དགོས་པ་དང་འོ་སྐྱུར་སྲིན་ཁ་གསབ་བྱེད་དགོས།       བཞི།  ཉིན་ལྟར་སྦྱོང་བརྡར་འོས་འཚམ་བྱེད་དགོས།  འགུལ་སྐྱོད་བྱེད་མི་མི་བདེ་བའི་སྐབས་སུ་ལྟོ་བ་འཕུར་མཉེད་བྱས་ཀྱང་ཕན་པ་ཡོད།     

    ལྔ། སེམས་ཁམས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།  ལས་ཀ་ལྗིད་པའི་སྐབས་སུ་རང་ཉིད་ཀྱི་སེམས་ཁམས་སྙོམས་སྒྲིག་དང་གནོན་ཤུགས་ཇེ་ཡངས་སུ་བཏང་ནས་ལྷོད་འཇགས་སུ་གཏོང་ཐུབ་པ་བྱུང་ན་རྒྱུ་ལམ་གྱི་བདེ་ཐང་ཁོར་ཡུག་ལ་ཕན་པ་འབྱུང་གི་ཡོད།  

རྩོམ་སྒྲིག་པ། ཨ་གཡང་སྐྱིད།