མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན་གྱི་ཆུ་ཚོད17དང་སྐར་མ40ཡི་སྟེང་། ཡུལ་སྐོར་བ460ལྷག་ཡོད་པའི“ཤར་བྱང་དུ་ཡུལ་སྐོར”རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཟི་ལིང་ས་ཚིགས་ནས་འགོ་ཚུགས་ཏེ་བྱང་ཕྱོགས་སུ་བསྐྱོད་པ་ནི། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་ད་ལོར་བཏང་བའི་ཤར་བྱང་ཕྱོགས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོག་མ་རེད།
ཤེས་གསལ་ལྟར་ན། ཐེངས་འདིའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ནི་མཁའ་རླུང་སྙོམས་ཆས་ཡོད་པའི་ཉལ་ཁྲི་འཁོར་སྒྲོམ་ཡིན་པ་དང་། དེའི་འགྲུལ་བཞུད་ནི་ཧི་པེ་དང་། ནང་སོག ཧེ་ལུང་ཅང་། ལེའོ་ཉིང་། ཅི་ལིན་བཅས་ཞིང་ཆེན་ལྔ་ཚུད་ཡོད་པ་རེད། ཉིན16གི་འགྲུལ་བཞུད་ནང་ཆེད་སྤྱོད་མེ་འཁོར་གྱིས“ཉིན་མོ་ཡུལ་སྐོར་དང་མཚན་མོ་བསྐྱོད་པ། མི་ཡུལ་སྐོར་དང་མེ་འཁོར་འདུག་པའི”རྣམ་པ་སྤྱད་དེ། ཡུལ་སྐོར་བའི་སྣེ་ཁྲིད་དེ“གནམ་འོག་གི་འགག་སྒོ་དང་པོ”སྟེ་ཧྲན་ཧའེ་འགག་སྒོ་དང་། “བྱང་ཕྱོགས་སན་ཡ”སྟེ་པེ་ཏའེ་ཆུ་བོ་དང་། ཧྲེན་དབྱང་ཕོ་བྲང་། ཀྲུང་གོའི་བྱང་ཕྱོགས་ཀྱི་མོ་ཧོ་སོགས་མཛེས་ལྗོངས་གྲགས་ཅན་བཅུ་ལྷག་ལ་ཡུལ་སྐོར་བྱས་ནས། མཐོ་སྒང་ཡུལ་སྐོར་བའི“འགྲུལ་བཞུད་ཐེངས་གཅིག་བྱས་ནས་བྱང་ཕྱོགས་ཀྱི་མཛེས་ལྗོངས་ཡག་པོ་ཡོངས་སུ་ལྟ་བའི”མཛེས་སྡུག་ལྡན་པའི་ཡུལ་སྐོར་གྱི་འདུན་པ་བསྐང་རྒྱུ་རེད།
ད་ལོ་ནས་བཟུང་། མཚོ་བོད་སྡེ་ཚོགས་ཀུང་སིས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་བོད་ལྗོངས་དང་། ཉིང་ཁྲི། ཞང་ཀང་དང་ཨའོ་མོན། ཧྭ་ཏུང་སོགས་ཁ་ཕྱོགས་མི་འདྲ་བ་དང་ལམ་ཐིག་མི་འདྲ་བའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐེངས14བསྟུད་མར་བཏང་ནས། ཡུལ་སྐོར་བ7300ལྷག་ཡུལ་སྐོར་དུ་བསྐྱོད་པར་རོགས་རམ་བྱས་པ་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།