རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕར་བཞིན་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ5བའི་ཚེས9ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོའི“ལྔ་གཅིག”གུང་གསེང་སྐབས་སུ་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི12.27སྣེ་ལེན་བྱས་པ་དང་། དེ་དུས་མཚུངས་ལས29.8%ཡར་འཕར་ཞིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི2362ཙམ་ཟིན་པ་དང་། དེ་དུས་མཚུངས་ལས14.3%ཙམ་འཕར་ཡོད། 

ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཕྱི་ནང་གི་ཉམས་མྱོང་དངོས་ལེན་དང་ཞིབ་འཇུག་བྱ་གཞི། ཞིབ་འཇུག་སྤྲོ་གསེང་། གཟིགས་ཞིབ་ཚོགས་པའི་ཡུལ་སྐོར་བ་བཅས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ནང་སྒེར་འཁོར་སྐོར་བའི་ཡུལ་སྐོར་བ་མང་བ་དང་། སྐར་རིམ་འགྲོན་ཁང་དང་སྡེ་བའི་སྡོད་ཁང་མངགས་ཐོ་ཚད2023ལོ་དང་བསྡུར་ན་ལྡབ2ནས3བར་ཡར་འཕར་ཡོད་པ་དང་།  རིག་གནས་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕར་ཞིང་བརྟན་བརླིང་རེད། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།