ཅི་ཞིག་ལ་ཤུལ་འཛིན་བརྒྱུད་སྤྲོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཤུལ་འཛིན་བརྒྱུད་སྤྲོད་ཅེས་པ་ནི་ཤུལ་འཛིན་བྱེད་མགོ་བརྩམས་རྗེས། ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱེད་དབང་འདོར་རྒྱུ་ཡིན་ཚུལ་བཤད་མེད་པར་མ་ཟད། ཤུལ་བཞག་རྒྱུ་དངོས་བགོ་བཤའ་མ་བྱས་གོང་ཚེ་ལས་འདས་ན། དེའི་ཤུལ་ནོར་གྱི་ཤུལ་འཛིན་བྱེད་དབང་ཁོའི་ཁྲིམས་མཐུན་ཤུལ་འཛིན་མཁན་ལ་བསྒྱུར་བར་ཟེར། བརྒྱུད་སྤྲོད་ཅེས་པ་ནི་ཁྲིམས་བཀོད་ཤུལ་འཛིན་མཁན་ཡོད་པའི་གནས་ཚུལ་ཁོ་ནའི་འོག་བྱུང་བ་ཞིག་ཡིན། ཤུལ་འཛིན་བརྒྱུད་སྤྲོད་བྱེད་པའི་ཁྲོད་ཚེ་ལས་འདས་པའི་ཤུལ་འཛིན་མཁན་ནི་སྔར་གྱི་ཤུལ་འཛིན་མཁན་ཡིན་པ་དང་། སྔར་གྱི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་མཁན་བསྒྱུར་དགོས།

ཤུལ་འཛིན་བྱེད་དབང་བསྒྱུར་བའི་དམིགས་ཡུལ་ཞེས་པ་ནི་སྔར་གྱི་ཤུལ་འཛིན་མཁན་ལ་ཡོད་པའི་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་ལ་ཟེར། གོ་རིམ་གཅིག་པའི་ཤུལ་འཛིན་མཁན་མང་པོ་ཞིག་གིས་ཐུན་མོང་དུ་ཤུལ་འཛིན་བྱེད་སྐབས། ཁོ་ཚོས་ཐུན་མོང་དུ་ཤུལ་འཛིན་དང་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་བགོ་དགོས། དེར་བརྟེན། ཤུལ་འཛིན་བརྒྱུད་སྤྲོད་དེ་སྔར་གྱི་ཤུལ་འཛིན་མཁན་གྱིས་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱས་པར་བརྩིས་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།