ཁྲིམས་ཁང་གིས་གཏུག་བཤེར་གང་དག་བདག་སྤྲོད་མི་བྱེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན13པའི་གཏན་འཁེལ་ལྟར་ན། མི་དམངས་ཁྲིམས་ཁང་གིས་སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གཤམ་གསལ་དོན་དག་ཐད་ཞུ་གཏུག་བྱས་པའི་རིགས་ལ་བདག་སྤྲོད་མི་བྱེད་དེ།

(གཅིག) རྒྱལ་སྲུང་དང་ཕྱི་འབྲེལ་སོགས་ཀྱི་རྒྱལ་ཁབ་བྱ་སྤྱོད།

(གཉིས) སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་སྲིད་འཛིན་ལས་ཁུངས་ཀྱིས་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་པའི་ཡོངས་ཁྱབ་ཀྱི་གཅུན་ནུས་ལྡན་པའི་ཆོད་དོན་དང་བཀའ་རྒྱ།

(གསུམ) སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣར་བྱ་དགའ་ཆད་གཅོད་དང་བསྐོ་འཐེན་སོགས་ཀྱི་ཆོད་དོན།

(བཞི) བཅའ་ཁྲིམས་སུ་སྲིད་འཛིན་ལས་ཁུངས་ཀྱིས་མཐའ་མའི་ཁྲུན་ཐག་གཅོད་རྒྱུའི་གཏན་འཁེལ་བྱས་པའི་སྲིད་འཛིན་གྱི་བྱ་སྤྱོད་བཅས་ཡིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།