མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚས1ཉིན། རྨ་ལྷོ་ཁུལ་གཅན་ཚ་རྫོང་ནུབ་བྱང་པུའུ་ཁམས་ར་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་དངོས་སུ་བསུས་མགོ་བརྩམས།
ཁམས་ར་ལྗོངས་ཁུལ་ནི་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་ཁོངས་སུ་ཡོད་ཅིང་། བྱང་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་དང་། ནུབ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་འབྲེལ་ཡོད་ཅིང་། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་བར་ལེ་དབར100ལྷག་དང་། གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་བར་ལེ་དབར50ཡོད། རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྨ་ཆུའི་ཆུ་བེད་མཛེས་ལྗོངས་ཁུལ་བཅས་གཞི་གཅིག་ཏུ་གྲུབ་ཅིང་། ལྗོངས་ཁུལ་ཡོངས་ནགས་ཚལ་སྟུག་པོ་དང་། བྲག་དམར་ངོ་མཚར་བ། ཚལ་རྔ་འགག་ཆུ་མཛོད་བཅས་ཀྱིས་བརྒྱན་ཞིང་ལྟ་ན་སྡུག་པས། “ངོ་མཚར་བའི་ནུབ་བྱང་གི་མཛེས་ལྗོངས100”གྲས་ན་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་ཁམས་ར་ལྗོངས་ཁུལ་གྱིས་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ། ལྗོངས་ཁུལ་གྱི་སྒོ་ཆེན་རིན་མེད་ངང་ཕྱེས་རྒྱུ་དང་། ལྗོངས་ཁུལ་ནང་རོལ་ཏུ་ཁམས་རའི་འཚེའུ་དང་། གནས་རི་ལྷ་ཆབ། ས་གཤིས་ནགས་ཚལ་སྤྱི་གླིང་། གནམ་རྫོང་ལུང་པ་བཅས་ཀྱི་ལྗོངས་ཁུལ། དེ་མིན་གྲུར་སྡོད་པ་དང་། ལྗོངས་ཁུལ་འགྲུལ་འཁོར་སོགས་མྱོང་རོལ་རྣམ་གྲངས་ལ་པ་སེ་བསྡུ་རྒྱུ་བྱས་ཡོད་དོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།