ཁ་ཆེམས་འཇོག་སྐབས་གཅེས་ཉར་སྲོག་ཆགས་ལ་ཤུལ་འཛིན་བྱེད་དུ་བཅུག་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། སྤྱི་དམངས་ཀྱི་སྒེར་ལ་དབང་བའི་རྒྱུ་ནོར་རྣམས་ཤུལ་བཞག་རྒྱུ་དངོས་སུ་བརྩིས་ནས་ཤུལ་འཛིན་བྱས་ཆོག་པའི་གཏན་འཁེལ་བྱས་ཡོད་དེ། འོན་ཀྱང་། ཁ་ཆེམས་དེའི་ངལ་རྩོལ་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཤུལ་འཛིན་པར་ཤུལ་བཞག་རྒྱུ་དངོས་ཀྱི་ཐོབ་སྐལ་སོར་འཇོག་བྱ་དགོས་ཏེ། དེར་མ་ཟད་གནས་ཚུལ་ག་འདྲའི་འོག་ཏུའང་ཁ་ཆེམས་དེའི་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་ཀུན་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་ལས་མི་གཞན་གྱི་ཁེ་དབང་དང་ཁེ་ཕན་ལ་གནོད་འཚེ་བཏང་མི་ཆོག གལ་ཏེ་མི་ཞིག་གིས་རང་ཉིད་ཀྱི་རྒྱུ་ནོར་གཅེས་ཉར་སྲོག་ཆགས་ལ་ཤུལ་འཛིན་བྱེད་དུ་འཇུག་འདོད་ན། ཁ་ཆེམས་སུ་རྒྱུ་ནོར་འདི་དག་ནི་གཅེས་ཉར་སྲོག་ཆགས་ལ་གསོ་སྐྱོང་དང་བདག་སྐྱོང་བྱེད་པར་བཀོལ་བ་ལས་གཅེས་ཉར་སྲོག་ཆགས་ཤུལ་འཛིན་པར་འགྱུར་དུ་འཇུག་མི་རུང་བ་གསལ་པོར་བཀོད་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།