སྡོད་ཁང་བཤིག་སྤོ་བྱེད་དུས་རྙེད་པའི་དངུལ་སྒོར་ཤུལ་འཛིན་བྱས་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན319པའི་གཏན་འཁེལ་ལྟར་ན། “ཆུས་ཁུར་དངོས་རྫས་དང་ས་སྦས་དངོས་པོའམ་སྐུང་དངོས་རྙེད་པ་ཡིན་ན།  བོར་དངོས་རྙེད་པའི་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་སྤྱད་དགོས། བཅའ་ཁྲིམས་འདི་ལས་གཏན་འཁེལ་གཞན་ཡོད་ན། གཏན་འཁེལ་དེ་གཞིར་འཛིན་དགོས”ཞེས་བཀོད་ཡོད།

ཡང་དེའི་དོན་ཚན1122པར། “ཤུལ་བཞག་རྒྱུ་དངོས་ཞེས་པ་ནི་སྤྱི་དམངས་ཚེ་ལས་འདས་སྐབས་ཤུལ་དུ་ཡོད་པའི་སྒེར་གྱི་ཁྲིམས་མཐུན་རྒྱུ་དངོས་ལ་ཟེར་ཞིང་། བཅའ་ཁྲིམས་ཀྱི་གཏན་འཁེལ་ལམ་དེའི་ངོ་བོར་གཞིགས་ནས་ཤུལ་འཛིན་བྱས་མི་ཆོག་པའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱས་མི་ཆོག”ཅེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།