ཤུལ་འཛིན་འདོར་ལེན་གྱི་དུས་ནམ་ནས་མགོ་བརྩམས་པ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཤུལ་འཛིན་མགོ་བརྩམས་རྗེས། ཤུལ་འཛིན་མཁན་གྱིས་ཤུལ་འཛིན་དོར་བ་ཡིན་ན། ཤུལ་བཞག་རྒྱུ་དངོས་ཐག་གཅོད་མ་བྱས་སྔོན་དུ་ཡིག་ཐོག་ནས་ཤུལ་འཛིན་དོར་བའི་བསམ་ཚུལ་གདོན་དགོས། བསམ་ཚུལ་མ་བཏོན་ན། ཤུལ་འཛིན་དང་ལེན་བྱས་པར་བརྩི་དགོས། 

ཁ་ཆེམས་འབུལ་རྟེན་དང་ལེན་མཁན་གྱིས་ཁ་ཆེམས་འབུལ་རྟེན་ཤེས་རྗེས་ཀྱི་ཉིན60ནང་། ཁ་ཆེམས་འབུལ་རྟེན་དང་ལེན་བྱེད་པའམ་འདོར་སྐྱུར་བྱེད་པའི་བསམ་ཚུལ་བཤད་དགོས། དུས་ཡུན་དེའི་ནང་བསམ་ཚུལ་མ་བཏོན་ན། ཤུལ་འཛིན་དོར་བར་བརྩི་དགོས། 

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།