མངག་སྐྱེལ་དངོས་པོ་བརྐུས་ན་ཆད་པ་ག་འདྲ་ཕོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན264པའི་གཏན་འཁེལ་ལྟར་ན། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་རྐུ་འཕྲོག་བྱས་པའམ་རྐུ་འཕྲོག་ཐེངས་མང་བྱས་པ་དང་ཁྱིམ་དུ་འཛུལ་ནས་རྐུ་འཕྲོག་བྱས་པ། མཚོན་ཆ་ཁྱེར་ནས་རྐུ་འཕྲོག་བྱས་པ། བརྐུས་བྱས་པ་བཅས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ནག་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་གྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་ཀྱང་གཅོད་རྒྱུ། གྲངས་འབོར་ལྷག་པར་ཆེ་བའམ་ནག་ཉེས་ལྷག་པར་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅད་པར་མ་ཟད། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་ཀྱང་གཅོད་རྒྱུ།

《རྐུ་འཕྲོག་གི་ཉེས་དོན་གྱོད་གཞི་སྒྲུབ་པར་སྤྱད་འཐུས་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཡི་འགྲེལ་བཤད》དུ་ལོ་གཉིས་ནང་རྐུ་འཕྲོག་ཐེངས་གསུམ་ཡན་བྱས་པའི་རིགས་ལ་རྐུ་འཕྲོག་ཐེངས་མང་བྱས་པར་ངོས་འཛིན་བྱ་དགོས་པའི་གཏན་འཁེལ་བྱས་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།