མངལ་དུ་ཡོད་པའི་བྱིས་པར་ཤུལ་ནོར་འཇོག་དགོས་སམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཤུལ་ནོར་བགོ་དུས་མངལ་དུ་ཡོད་པའི་བྱིས་པར་ཤུལ་ནོར་གྱི་བགོ་སྐལ་འཇོག་དགོས།  རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན16པའི་གཏན་འཁེལ་ལྟར་ན།“ཤུལ་ནོར་རྒྱུན་འཛིན་དང་འབུལ་སྐྱེས་དང་ལེན་བྱེད་པ་སོགས་མངལ་དུ་ཡོད་པའི་བྱིས་པའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་བ་ཡོད་ན།མངལ་དུ་ཡོད་པའི་བྱིས་པར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་བརྩི་རྒྱུ།ཡིན་ན་ཡང་མངལ་དུ་ཡོད་པའི་བྱིས་པ་བཙའ་དུས་ཤི་བོ་ཡིན་ན།དེའི་དམངས་དོན་ཁེ་དབང་གི་ནུས་པ་ཐོག་མ་ཉིད་ནས་མེད་པ་ཡིན”ཞེས་བཀོད་ཡོད།

ཡང་དེའི་དོན་ཚན1155པའི་གཏན་འཁེལ་ལྟར་ན།“ཤུལ་ནོར་བགོ་བཤའ་རྒྱག་སྐབས། མངལ་དུ་ཡོད་པའི་བྱིས་པར་ཤུལ་ནོར་གྱི་བགོ་སྐལ་འཇོག་དགོས། ཕྲུ་གུ་སྐྱེ་དུས་ཤི་བོ་ཡིན་ན་བགོ་སྐལ་དེ་ཁྲིམས་བཀོད་ཤུལ་འཛིན་ལྟར་བསྒྲུབ་དགོས”ཞེས་བཀོད་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།