ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གང་དག་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གཅི མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པ་བསྡུ་སྤྱོད་བྱེད་སྐབས། ཡིག་ཐོག་གི་ངལ་རྩོལ་གན་རྒྱ་བཞག་མེད་མོད། འོན་ཀྱང་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་འཛོམས་ན་ངལ་རྩོལ་གྱི་འབྲེལ་བ་ཚུགས་པ་ཡིན།

(གཅིག) མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་ངལ་རྩོལ་པ་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དུ་གཏན་འཁེལ་བྱས་པའི་གཙོ་གཞིའི་ཐོབ་ཐང་དང་མཐུན་པ།

(གཉིས) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་གཏན་འཁེལ་བྱས་པའི་ངལ་རྩོལ་གྱི་སྒྲིག་སྲོལ་ལམ་ལུགས་དག་ངལ་རྩོལ་པར་སྤྱད་ཆོག་པ་དང་། ངལ་རྩོལ་པས་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་ངལ་རྩོལ་དོ་དམ་དང་ལེན་བྱས་ཏེ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཐོབ་ཆ་ཡོད་པའི་ངལ་རྩོལ་བཀོད་སྒྲིག་བྱེད་པའི་རིགས།

(གསུམ) ངལ་རྩོལ་པས་འདོན་སྤྲོད་བྱས་པའི་ངལ་རྩོལ་ནི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་ལས་སྒོའི་གྲུབ་ཆ་ཡིན་པ།

གཉིས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པ་དང་ངལ་རྩོལ་གྱི་གན་རྒྱ་བཞག་མེད་ཀྱང་ཕྱོགས་གཉིས་ཀར་ངལ་རྩོལ་གྱི་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་སྐབས། གཤམ་གསལ་གྱི་དཔང་ཡིག་དཔྱད་གཞིར་བཟུང་ཆོག་སྟེ། (གཅིག) གླ་ཕོགས་སྤྲོད་པའི་དཔང་ཡིག་གམ་ཟིན་ཐོ(ལས་བཟོ་པའི་གླ་ཕོགས་སྤྲོད་པའི་མིང་ཐོ)དང་སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་འབབ་སྣ་ཚོགས་འཇལ་སྤྲོད་བྱས་པའི་ཟིན་ཐོ། (གཉིས) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་སྤྲད་པའི་ལས་སྒྲུབ་དཔང་ཡིག་དང་ཞབས་ཕྱིའི་དཔང་ཡིག་སོགས་ཐོབ་ཐང་ར་སྤྲོད་ཐུབ་པའི་དཔང་ཡིག (གསུམ) ངལ་རྩོལ་པས་ཐོ་འགོད་བྱས་པའི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་ལས་བཟོ་པ་བསྡུ་བ་དང་གདན་ཞུ་བྱེད་པའི་ཐོ་འགོད་རེའུ་མིག་གམ་མིང་ཐོ་འགོད་པའི་རེའུ་མིག་སོགས་བསྡུ་སྤྱོད་ཀྱི་ཟིན་ཐོ། (བཞི) ལས་ཞུགས་ཞིབ་བཤེར་ཟིན་ཐོ། (ལྔ) ངལ་རྩོལ་པ་གཞན་དག་གི་དཔང་ཚིག་སོགས་ཡིན། དེའི་ནང(གཅིག)དང(གསུམ)(བཞི)བཅས་ཀྱི་འབྲེལ་ཡོད་དཔང་ཡིག་ནི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་དཔང་རྟགས་འདོན་པར་འགན་འཁུར་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།