སྒྲ་ལེན་བརྙན་ཕབ་ཀྱི་ཁ་ཆེམས་ལ་ཆ་རྐྱེན་གང་དག་ལྡན་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་མང་པོ་ཞིག་གིས་དོན་དག་གང་མང་ལ་ཁ་ཆེམས་འཇོག་འདོད་དུས་ཡི་གེ་མི་ཤེས་པའི་སྣང་ཚུལ་མང་དུ་མཆིས་པས། ཁ་པར་ལས་སྒྲའམ་བརྙན་གྱི་ལམ་ནས་ཁ་ཆེམས་འཇོག་བཞིན་ཡོད་ཅིང་། དེས་ན་སྒྲའམ་བརྙན་གྱི་ལམ་ནས་ཁ་ཆེམས་ཇི་ལྟར་འཇོག་དགོས་ཤེ་ན།

སྒྲ་ལེན་བརྙན་ཕབ་ཀྱི་ཁ་ཆེམས་འཇོག་སྐབས། དཔང་མི་གཉིས་ཡན་གྱིས་བདེན་དཔང་བྱ་དགོས་ལ། ཁ་ཆེམས་འཇོག་མཁན་དང་དཔང་མི་བཅས་ཀྱི་མིང་དང་ལོ་ཟླ་ཚེས་གྲངས་སོགས་སྒྲའམ་བརྙན་དུ་གསལ་པོར་དགོད་དགོས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།