མཚོ་སྔོན་གཞོང་ཐང་གི་མེ་ཏོག་ལ་ལྟ་བའི་སྤྲོ་གསེང་ཡུལ་སྐོ་དེ་རྒྱལ་ཡོངས་དཔྱིད་དུས་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག་ལ་བདམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན་ཞིང་ལས་ཞིང་གྲོང་པུའུ་ཡིས“ལྟ་ན་སྡུག་པའི་ཞིང་གྲོང་ལ་བསྐྱོད་དེ་དཔྱིད་ཀྱི་མེ་ཏོག་ལ་ལྟ”ཞེས་པ་འོས་སྦྱོར་བྱེད་པ་དམིགས་སུ་བཟུང་སྟེ། དཔྱིད་དུས་ཀྱི་ཡུལ་སྐོར་སྤུས་ལེགས་ལམ་ཐིག60དང་སྤུས་ལེགས་མཛེས་ལྗོངས་ཁུལ185ཁྱབ་སྒྲོག་བྱས་ཤིང་།  གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ཁམ་བུའི་མེ་ཏོག་ལ་ལྟ་ཞོར་ཟས་རིགས་སྣ་ཚོགས་ལོངས་སྤྱོད་ཀྱི་སྤྲོ་གསེང་ཡུལ་སྐོར་ཞེས་པ2024ལོའི་སྤུས་ལེགས་མཛེས་ལྗོངས་ཁུལ་ལམ་ཐིག་གི་མིང་ཐོར་ཚུད།

  མཚོ་སྔོན་གྱི་དཔྱིད་དུས་སྤྲོ་གསེང་ཡུལ་སྐོར་དེ་ཁམ་བུའི་མེ་ཏོག་ལ་ལྟ་བ་ནས་མགོ་བརྩམས། ལོའི་རེའི་ཟླ3པ་དང་། 4བར་རྨ་ཙོང་ས་ཁུལ་གྱི་སིལ་སྡོང་མེ་ཏོག་དང་། ཁམ་བུའི་མེ་ཏོག་སྔ་གཞུག་ཏུ་བཞད་ཅིང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་ལྗོངས་ཁུལ་དང་། ཞིང་གྲོང་དུ་བསྐྱོད་དེ་ཁམ་བུའི་མེ་ཏོག་ལ་ལྟ་རུ་བསྐྱོད། གཞོང་ཐང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་སྒོ་ཆེན་མོ་ཡིན་པ་དང་། རང་ཞིང་གི་དཔྱིད་དཔལ་ཤར་སྔ་བའི་གནས་ཤིག་ཀྱང་ཡིན།

ཟླ3པའི་ཟླ་མཇུག་དང་ཟླ4བའི་ཟླ་མགོའི་བར།  གཞོང་ཐང་རྫོང་གི་རྟ་ར་ཡུལ་ཚོའི་ཁྲུན་ཁུག་སྡེ་བའི་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་བཟང་ཡིན།  ཟླ4བའི་ཟླ་དཀྱིལ་ནས་ཟླ་སྨད་བར་དུ། ལུང་ཀྲི་ཡུལ་ཚོའི་པད་བུ་ཚང་སྡེ་བའི་སིལ་སྡོང་སྟོང་ཕྲག་ལྷག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད་ཡོད། ལུང་ཀྲི་ཡུལ་ཚོའི་སིལ་སྡོང་སྤྱི་ཆིང100ལྷག་ལ་བཙུགས་ཡོད། ནང་སྒོས་སུ་ལོ་རེར་པད་བུ་ཚང་སྡེ་བའི་སིལ་སྡོང་མེ་ཏོག་རྣམ་པའི་དུས་སུ་སྤྲོ་གསེང་ལ་ཡོང་ནས་མེ་ཏོག་ལ་ལྟ་མཁན་ཡུལ་སྐོར་བ་དང་། ཞིང་བར་དུ་སོ་ནམ་ལ་བྲེལ་བའི་སྡེ་མི་བཅས་ཀྱིས་མཛེས་པའི་ཞིང་གྲོང་གི་ཡུལ་ལྗོངས་ལྟ་ན་པ་ཞིག་གྲུབ་ཡོད་པ་མ་ཟད།   ཡུས་ཝང་འགག་ལྗོངས་ཁུལ་དུ་བསྐྱོད་ཚེ།  དེ་རུ་ཡན་སྡོང་སྟོང་ཕྲག་གི་མེ་ཏོག་དང་གཡུ་ཡི་མེ་ལོང་ལྟར་གསལ་བའི་རྨ་ཆུའི་འབབ་རྒྱུན་གཉིས་ཀྱིས་སྐྱེ་ཁམས་ཀྱི་ལྗོངས་རིས་རྨད་དུ་བྱུང་བ་ཞིག་ཀྱང་གྲུབ་ཡོད།

ཉེ་བའི་ལོ་རིང་ལ། རང་ཞིང་གི་ཞིང་གྲོང་ཡུལ་སྐོར་ཕྱོགས་ནས་རྣམ་པ་གསར་བ་ཅན་གྱི་ཐོན་ལས་སྐོར་ཞིག་བྱུང་སྟེ།  ཞིང་གྲོང་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྣན། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།