བློ་མཐུན་རྩོམ་སྒྲིག་པ་ལགས།
སྣང་ཚུལ་གང་དག་གི་འོག་ཏུ་གཉེན་གྱི་སློང་རྟེན་ཕྱིར་བསློག་དགོས་སམ།
ཞེས་ཀློག་པ་པོ་ལྕགས་མོ་ནས།
བློ་མཐུན་ལྕགས་མོ་ལགས།
སྤྱིར་བཏང་གཤམ་གྱི་སྣང་ཚུལ་རིགས་གསུམ་གྱི་གནས་ཚུལ་འོག་གཉེན་གྱི་སློང་རྟེན་ཕྱིར་བསློག་དགོས་ཏེ།
(གཅིག)ཕྱོགས་གཉིས་ཀས་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་བསྒྲུབས་མེད་པ།
(གཉིས།)ཕྱོགས་གཉིས་ཀས་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་བསྒྲུབས་ཡོད་ཀྱང་མཉམ་དུ་འཚོ་བ་རོལ་གྱིན་མེད་པ།
(གསུམ)གཉེན་མ་བསྒྲིགས་སྔོན་ལ་བྱིན་པ་དང་སྟེར་མཁན་གྱི་འཚོ་བར་དཀའ་ཁག་བྱུང་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།