ཁ་ཆེམས་བཞག་སྟེ་སྒེར་གྱི་རྒྱུ་ནོར་ཇི་ལྟར་ཐག་གཅད་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

སྤྱི་དམངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རང་ཉིད་ཀྱི་རྒྱུ་དངོས་བགོ་སྤྲོད་བྱེད་ཕྱོགས་སྐོར་གྱི་ཁ་ཆེམས་བཞག་ཆོག་པར་མ་ཟད། ཁ་ཆེམས་ལག་བསྟར་མཁན་ཡང་དམིགས་འཛུགས་བྱས་ཆོག

རང་བྱུང་མིས་ཁྲིམས་བཀོད་ཤུལ་འཛིན་མཁན་ཁྲོད་ཀྱི་མི་གཅིག་གམ་མི་ཁ་ཤས་དམིགས་འཛུགས་ཀྱིས་རང་ཉིད་ཀྱི་ཤུལ་ནོར་ཤུལ་འཛིན་བྱེད་དུ་འཇུག་རྒྱུའི་ཁ་ཆེམས་བཞག་ཆོག

རང་བྱུང་མིས་རང་ཉིད་ཀྱི་རྒྱུ་ནོར་རྒྱལ་ཁབ་དང་། ཐུན་མོང་ངམ་ཁྲིམས་བཀོད་ཤུལ་འཛིན་མཁན་མིན་པའི་རྩ་འཛུགས་དང་མི་སྒེར་ལ་ཁ་ཆེམས་བཞག་ཆོག

རང་བྱུང་མིས་ཁྲིམས་ལྟར་ཁ་ཆེམས་ཡིད་རྟོན་མངག་བཅོལ་བྱས་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།