སྐྲ་དཀར་དཔལ་འབྱོར་ནི་ཅི་ཞིག་ཡིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

2024ལོའི་ཟླ1ཚེས15ཉིན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་སྐྲ་དཀར་དཔལ་འབྱོར་དར་སྤེལ་ལ་བརྟེན་ནས་རྒན་པོའི་ཕན་བདེ་ཇེ་ལེགས་སུ་གཏང་བའི་སྐོར་གྱི་བསམ་འཆར》ཁྱབ་སྒྲོག་བྱས།  དེ་ནི་རྒྱལ་ཁབ་ཀྱིས་སྐྲ་དཀར་དཔལ་འབྱོར་གོང་སྤེལ་ལ་རྒྱབ་སྐྱོབ་བྱ་ཆེད་དུ་བཏོན་པའི་ཡིག་ཆ་ཐོག་མ་རེད།      2024ལོའི་ཟླ3ཚེས5ཉིན། 《2024ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་། རྒན་པོའི་ཉེར་སྤྱོད་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་ལ་ཤུགས་བསྣན་ཏེ།  སྐྲ་དཀར་དཔལ་འབྱོར་གོང་སྤེལ་ལ་ཤུགས་ཆེན་པོ་རྒྱག་དགོས་པའི་བླང་བྱ་བཏོན།

དེ་ཡང་སྐྲ་དཀར་དཔལ་འབྱོར་གྱི་ནང་དོན་དང་ས་མཚམས་དེ་ཅི་ལྟར་ཕྱེས་ཡོད་ཅེ་ན། ལོ་ན་རྒས་པའི་རྒན་པ་རྣམས་ལ་དགོས་གལ་ཆེ་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན། དེ་མིན་རྒ་བ་ལ་སྔ་མོ་ནས་གྲ་སྒྲིག་སོགས་དཔལ་འབྱོར་དང་འབྲེལ་བའི་འདུ་འགོད་རབ་དང་རིམ་པ་སྤྱི་ལ་བྱ་ཞིང་། ཞིབ་ཏུ་དབྱེ་ན“ན་ཚོད་རྒས་རྗེས་ཀྱི་རྒན་པོའི་དཔལ་འབྱོར”དང“མ་རྒས་གོང་གི་གྲ་སྒྲིག་དཔལ་འབྱོར”ཕྱོགས་ཆེན་པོ་གཉིས་ཡོད། དེ་ནི་གཙོ་བོ་གཤམ་གྱི་རྒྱུ་རྐྱེན་འདི་དག་ལ་གཞིགས་ནས་བཞག་པ་ཡིན།
       གཅིག   ཐོག་མར་རྒྱལ་ཁབ་ཀྱི་འཆར་འགོད་དང་སྣེ་ཁྲིད་ཁ་ཕྱོགས་ལ་གཞིགས་ན།  སྐྲ་དཀར་དཔལ་འབྱོར་དར་སྤེལ་ནི་རྒྱལ་ཁབ་ཀྱིས་མི་འབོར་རྒས་འགྱུར་ཅན་ལ་ཁ་གཏད་འཇལ་བའི་འཐབ་ཇུས་དེ་དང་ལེན་དང་ལག་བསྟར་གང་ལེགས་བྱེད་པའི་འདུ་འགོད་ཅིག་ཡིན་པ་དང་།  “རྒ་བ་ལ་སྔ་མོ་ནས་གྲ་སྒྲིག”བྱེད་པའི་འབྲེལ་ཡོད་ཐོན་ལས་རིགས་སྐྲ་དཀར་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་བླངས་པ་དང་། དེ་ནི་རྒྱལ་ཁབ་ཀྱིས་མི་འབོར་རྒས་འགྱུར་ཅན་ལ་ཁ་གཏད་འཇལ་བའི་འཐབ་ཇུས་སྒྲོམ་གཞིའི་འོག་གི་སྤྱིའི་བསམ་ཕྱོགས་རེད།

གཉིས།   མི་སྒེར་གྱི་ཚེ་ཚད་ལ་གཞིགས་ན།  རྒས་མ་རྒས་ཀྱི་དུས་རིམ་སོ་སོ་ཐ་དད་དུ་མ་ཕྱེས་པར་གཞི་གཅིག་ཏུ་བཞག་ནས་གཅིག་གྱུར་འཆར་ཇུས་བཟོས་ཏེ།   མ་རྒས་གོང་དུ་རྒྱུ་འབྱོར་གསོག་འཇོག་དང་། བདེ་ཐང་ལ་དོ་དམ་བྱས་ན། ད་གཟོད་རྒས་ཀྱང་སྐྱོང་མཁན་ཡོད་པ།  རྒས་ཀྱང་བེད་ཆོད་ཆེ་པ། རྒས་ཀྱང་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ།

གསུམ།   སྤྱི་ཚོགས་ཀྱི་རྒས་གཞོན་བར་གྱི་རྒྱུད་སྤྲོད་ལ་གཞིགས་ན།  སྐྲ་དཀར་དཔལ་འབྱོར་གྱི་དར་སྤེལ་ནི་ན་ཚོད་མི་འདྲ་བ་སོ་སོ་མཉམ་ཞུགས་ལ་འབྲལ་ཐབས་མེད་པས།   ཁྱིམ་ཚང་རེ་ལ་རྒན་པོ་རེ་ཡོད་པ་དང་། མི་སོ་སོ་ཡང་རྒ་བའི་དུས་ཡོད་པས། རྒན་པོའི་དགོས་མཁོ་ནི་ད་ལྟའི་ན་གཞོན་རྣམས་ཀྱི་དགོས་མཁོ་ཡང་རེད།  སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་ཕྱོགས་བསྡུས་དང་།  མི་ཚོགས་མང་པོའི་བསམ་ཚུལ་བསྡུ་ལེན་ནི་སྐྲ་དཀར་དཔལ་འབྱོར་གོང་སྤེལ་གྱི་རྨང་གཞི་གཙོ་བོ་རེད།  

སྐྲ་དཀར་དཔལ་འབྱོར་གྱི་ཁེབས་རྒྱ་ཆེ་ན་ཡང་།   དུས་ད་ལྟ་འབྲེལ་ཡོད་ཀྱི་ཐོན་ལས་གཙོ་བོ་བཟའ་བཏུང་དང་།  ལུས་པོ་བདག་སྐྱོང་། བདེ་སྲུང་ལ་སོགས་ཀྱི་རྨང་གཞིའི་རྒན་གསོ་ཞབས་ཞུའི་ཕྱོགས་ཙམ་ལས་མེད།  རྒན་པོ་ལ་མཚོན་ན་དགོས་མཁོ་སྣ་མང་ཅན་དང་།  བར་ཁྱད་ཅན། རང་གཤིས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་མ་ཟད་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ན་ཡང་ཇི་བཞིན་དུ་བསྐང་ཐུབ་མེད་པས་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྡན།  དེ་ལྟ་བུའི་ཐོན་ལས་ཀྱི་ཆད་སྐྱོན་དང་ཞན་ཆ་ལ་དམིགས་ཏེ། 《བསམ་འཆར》ནང་འདོན་སྤྲོད་མཁན་གྱི་འཕེལ་རྒྱས་རྨང་གཞི་དང་། རྒས་འགྱུར་ཚོགས་སྤྱི་དང་རྒ་བར་གྲ་སྒྲིག་གི་ཚོགས་སྤྱི་གཉིས་ཀྱི་དགོས་མཁོའི་ཁྱད་ཆོས་གཞིར་བཟུང་སྟེ།  རྒན་པོའི་རང་སྟེང་ལ་དགོས་གལ་ཆེ་བའི་ཉེར་སྤྱོད་ཐོན་རྫས་དང་། རིག་ནུས་བདེ་ཐང་གི་རྒན་གསོའི་ཐོན་རྫས།  ལུས་གསོ་རམ་འདེགས་ཡོ་བྱད་བཅས་ནས་རྒ་བ་སྔོན་འགོག་དང་། རྒན་གསོའི་དངུལ་རྩ། རྒན་པོའི་ཡུལ་སྐོར་ལ་སོགས་ཀྱི་ཞབས་ཞུ་སྤུས་ལེགས་བར་དང་། དེ་མིན་སྤྱི་ཚོགས་ཡོངས་རྒན་པོར་འཚམ་པ་ཅན་དུ་འགྱུར་བའི་བར་དུ་མི་མངོན་སྟོབས་ཤུགས་ལྡན་པའི་ཐོན་ལས་ཆེན་པོ་བདུན་གཙིགས་སུ་བཟུང་ནས་འཆར་ཇུས་བཟོས་ཡོད་དོ། །

རྩོམ་སྒྲིག་པ། ཁོན་ཐར་འཚོ།