གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་ཁྱིམ་ཐོར་ཇི་ལྟར་འགོད་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
      གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་ཞེས་པ་ནི་གཉེན་སྒྲིག་སྐབས་བཙས་པའི་ཕྲུ་གུ་མིན་པ་ལ་ཟེར། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་ཡི་ཁེ་དབང་ཐད། རང་རྒྱལ《དམངས་དོན་ཁྲིམས་གཞུངགི་དོན་ཚན1071པའི་གཏན་འཁེལ་ལྟར་ན། “གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུས་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་དང་འདྲ་བའི་ཁེ་དབང་ལོངས་སུ་སྤྱོད་ཆོག་པས། རྩ་འཛུགས་གང་ངམ་སྐྱེ་བོ་སུ་ཞིག་གིས་ཀྱང་དེར་གནོད་འཚེ་དང་མཐོང་ཆུང་བྱས་མི་ཆོག”ཅེས་གཏན་འཁེལ་བྱས་ཡོད། དེར་བརྟེན།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ཁྱིམ་ཐོ་མེད་པའི་མི་སྣའི་ཐོ་འགོད་ཁྱིམ་ཐོའི་གནད་དོན་ཐག་གཅོད་སྐོར་གྱི་བསམ་འཆརལྟར་ན། སྲིད་ཇུས་ཕུད་ཕྲུ་གུ་སྐྱེས་པ་དང་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེས་པའི་ཁྱིམ་ཐོ་མེད་པའི་མི་སྣ། རང་ཉིད་དམ་དེའི་ལྟ་སྐྱོང་པསཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིགདང་ཕ་མ་ཕྱོགས་གཅིག་གི་ཡུལ་མིའི་ཁྱིམ་ཐོ། གཉེན་སྒྲིག་ལག་འཁྱེར་རམ་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེས་པའི་གསལ་བཤད་ལ་བརྟེན་ཏེ། ཕའམ་མ་དང་མཉམ་དུ་གཞིས་ཆགས་པའི་རང་མོས་ཀྱི་སྲིད་ཇུས་གཞིར་བཟུང་ནས་རྒྱུན་སྡོད་ཁྱིམ་ཐོ་ཐོ་འགོད་བྱ་ཆོག ཕ་དང་མཉམ་དུ་གཞིས་ཆགས་རྒྱུའི་རེ་འདུན་ཞུས་པའི་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེས་པར་ཁྱིམ་ཐོ་མེད་པའི་མི་སྣ་ལ་ཐོབ་ཐང་ལྡན་པའི་གསལ་འབྱེད་ལས་ཁུངས་ཀྱིས་བཏོན་པའི་གཉེན་ཉེའི་གསལ་འབྱེད་དཔང་ཡིག་མཉམ་དུ་མཁོ་འདོན་བྱ་དགོས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།