ཟི་ལིང་ནས་ཧུང་ཧྲན་བར་དུ་ཡུལ་སྐོར་མེ་འཁོར་ཁ་སྣོན་རྒྱག་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3ཚེས12ཉིན།  གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སི་ཤེས་གསལ་ལྟར་ན།  ཡུལ་སྐོར་བའི་འགྲོ་འོང་གི་དགོས་མཁོ་བསྐང་ཆེད། མཚོ་བོད་སྡེ་ཤོག་ཀུང་སིས་ཟླ3ཚེས18ཉིན་ནས་བཟུང་ཟི་ལིང་ནས་ཐའེ་ཀྲོའུ(泰州)དང་། ནན་ཅིང་། ཧུང་ཧྲན(黄山)། ལིའུ་ཨན(六安)། ཟི་ལིང་བར་ཐད་གཏོང་མེ་འཁོར་ཆེད་དུ་གཏང་རྒྱུ་ཐག་བཅག་འདུག

ཟླ3ཚེས18ཉིན། ཟི་ལིང་ནས་ཐའེ་ཀྲོའུ་བར་མེ་འཁོརY172/3་གཏང་རྒྱུ་དང་།  ཟླ3ཚེས22ཉིན་ཐའེ་ཀྲོའུ་ནས་ནན་ཅིན་བར་མེ་འཁོརY76/7གཏང་རྒྱུ།  ཟླ3ཚེས23ཉིན་ནན་ཅིང་ནས་ཧུང་ཧྲན་བར་མེ་འཁོར Y775གཏང་རྒྱུ།  ཟླ3ཚེས25ཉིན་ཧུང་ཧྲན་ནས་ལིའུ་ཨན་བར་མེ་འཁོརY76/7གཏང་རྒྱུ། ཟླ3ཚེས27ཉིན་ལིའུ་ཨན་ནས་ཟི་ལིང་བར་མེ་འཁོརY77གཏང་རྒྱུ་རེད། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།