རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1127པའི་གཏན་འཁེལ་ལྟར་ན།“ཤུལ་བཞག་རྒྱུ་ནོར་དག་གཤམ་གསལ་གྱི་གོ་རིམ་ལྟར་ཤུལ་འཛིན་བྱ་རྒྱུ་སྟེ།
གཅིག གོ་རིམ་དང་པོ་ནི་བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་ཡིན།
གཉིས། གོ་རིམ་གཉིས་པ་ནི་ཕུ་ནུ་མིང་སྲིང་དང་སྤོ་བོ་སྤོ་མོ། རྨོ་བོ།རྨོ་མོ་བཅས་ཡིན།
ཤུལ་འཛིན་བྱེད་མགོ་ཚུགས་རྗེས་གོ་རིམ་དང་པོའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་རྒྱུ་དང་གོ་རིམ་གཉིས་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་མི་བྱེད་ལ། གོ་རིམ་དང་པོའི་ཤུལ་འཛིན་མཁན་མེད་ན་ད་གཟོད་གོ་རིམ་གཉིས་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་རྒྱུ།
གལ་ཏེ་སྤྱི་དམངས་ཚེ་ལས་འདའ་ཁར་ཁ་ཆེམས་བཞག་མེད་ན། དེའི་ཤུལ་བཞག་རྒྱུ་ནོར་ཁྲིམས་བཀོད་ཤུལ་འཛིན་གྱི་གོ་རིམ་དང་བགོ་བཤའི་བསྡུར་ཚད་ལྟར་བགོ་བཤའ་རྒྱག་དགོས། ཤུལ་བཞག་རྒྱུ་ནོར་གྱི་རིམ་པ་དང་པོའི་ཤུལ་འཛིན་མཁན་ནི་བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་ཡིན་ལ། དེ་ཚོའི་ཤུལ་འཛིན་གྱི་ཐོབ་སྐལ་འདྲ་མཉམ་ཡིན་དགོས། བཟའ་ཟླ་འདས་པའི་མནའ་མའམ་མག་པས་སྒྱུག་པོ་སྒྱུག་མོའམ་གྱོས་པོ་གྱོས་མོ་ལ་སྙོར་སྐྱོང་གི་གཙོ་འགན་ཁུར་ཡོད་ན། ཤུལ་བཞག་རྒྱུ་ནོར་གྱི་རིམ་པ་དང་པོ་ལྟར་ཤུལ་འཛིན་བྱས་ཆོག དེ་ཡང་བུ་ཕྲུག་ཅེས་པར་གཉེན་སྒྲིག་བྱས་པའམ་མ་བྱས་པའི་སྔོན་གྱི་བུ་ཕྲུག་དང་བུ་སྐལ་སོགས་འདུ། ཕ་མ་ཞེས་པར་རང་གི་ཕ་མ་དང་ཕ་ཡར་མ་ཡར་སོགས་འདུས། བུ་སྤུན་དང་མིང་སྲིང་གི་ཁོངས་སུ་ཕ་མ་གཅིག་པ་དང་མི་གཅིག་པའི་བུ་སྤུན་མིང་སྲིང་དང་བུ་སྐལ་བཅས་འདུས་པ་ཡིན”ཞེས་བཀོད་ཡོད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།